Skip to main content Skip to search
na mo lo kai shwa ra ya
ID:
T234725
  • ན་མོ་ལོ་ཀཻ་ཤྭ་ར་ཡ (Tibetan, Tibetan script, Original)
    • > na mo lo kai shwa ra ya (Tibetan, Latin script, Transliteration-THL Extended Wylie Transliteration)
    • > namo lo kai sha ra ya (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་རྒྱ་གར་སྐད་ཡིན་ཅིང་། བོད་སྐད་དུ་བསྒྱུར་ན་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་བའི་དོན་སྟེ། ན་མོ་ནི་གུས་པས་འདུད་པ་དང་ཕྱག་འཚལ་བའི་དོན། ལོ་ཀཻ་ཤྭ་ར་ཡ་ནི་འཇིག་རྟེན་དབང་ཕྱུག་ལ་ཞེས་པའི་དོན་ཡིན། བྱ་ཚིག་སྔོན་དུ་ཡོད་པ་དང་བྱ་ཡུལ་དེའི་རྗེས་སུ་སྦྱར་བ་ནི་རྒྱ་གར་སྐད་ཀྱི་ཁྱད་ཆོས་ཡིན་ཅིང་། འཇིག་རྟེན་དབང་ཕྱུག་ནི་འཕགས་པ་སྤྱན་རས་གཟིགས་ལ་མཚན་གྱི་རྣམ་གྲངས་བརྒྱ་དང་བརྒྱད་ཡོད་པའི་ནང་གི་གཅིག་ཡིན། འདིར་བོད་ཀྱི་རྒྱལ་རབས་འཆད་པའི་ཐོག་མར་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་ནི་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ་བོད་ནི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པ་དང་། རྒྱ་ནག་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་འདུལ་ཞིང་ཡིན་པར་བཤད་སྲོལ་ཡོད་པས་དེ་དང་མཐུན་པར་མཛད་པ་ཡིན།

language:
Tibetan