Skip to main content Skip to search
na len+d+ra
ID:
T234740
  • ན་ལེནྡྲ (Tibetan, Tibetan script, Original)
    • > na len+d+ra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > na lendra(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

《ཐང་སན་ཙང་གི་ལམ་ཡིག་》ལས། རྒྱལ་པོའི་ཁབ་ནས་བྱང་ཕྱོགས་སུ་ལེ་དབར་བཞི་བཅུ་མ་ཟིན་ཙམ་གྱི་སར་ཡོད། ན་ལེནྡྲ་ཞེས་པའི་གོ་དོན་ནི་སྦྱིན་པ་ལ་མི་སྐྱོ་བའི་དོན་ཡིན་པ་དང་། གནས་དེ་ནི་འཕགས་པ་ཤཱ་རིའི་བུའི་འཁྲུངས་ས་གྲོང་ན་ལ་དཱ་ཟེར་བ་དེ་ཡིན་སྟབས་དེའི་དྲན་གསོའི་ཆེད་དུ་རྒྱ་གར་དབུས་དང་མཐའ་བཞི་སྟེ་རྒྱལ་པོ་ལྔས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བཞེངས་པ་ཡིན་སྟབས་སོ་སོ་ནས་དགེ་འདུན་གྱི་འཚོ་བ་དང་རིས་སུ་མ་ཆད་པའི་མགོན་མེད་ཡོངས་ལ་སྦྱིན་པ་གཏོང་བའི་ཁང་པ་དང་གཙུག་ལག་ཁང་ཧ་ཅང་མང་ཞིང་སྐབས་དེར་འཛམ་བུ་གླིང་ན་འདི་ལས་རྒྱ་ཆེ་བ་དང་འདི་ལས་བཟོ་བཀོད་ལེགས་པའི་ལྷ་ཁང་མེད་པར་གྲགས་ཞེས་གསལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེས་ནས་ན་ལེནྡྲའི་གྲུ་ཟན་ལ་སླེབས། རྐང་ཐང་ལ་ཅུང་ཟད་སོང་ན་སྔོན་གྱི་དགོན་ཤུལ་རྒྱ་ཆེན་པོ་ཡོད། ནལེནྡྲ་ནི་སྔོན་རྒྱ་གར་གྱི་ཆོས་སྡེཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་ཕེབས་པའི་དུས་དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ཟེར། ཨརྱ་དེ་ཝ། ཞི་བ་འཚོ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎྡི་ཏ་ཆེན་པོ་དེ་ཐམས་ཅད་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བ་ཡང་དགོན་པ་འདི་ནས་བྱུང་བ་ཡིན་ཞེས་གསུངས་སོ། །འདིའི་ལོ་རྒྱུས་ཞིབ་ཙམ་《རྒྱ་གར་ཆོས་འབྱུང་》ནང་ཡོད།

language:
Tibetan

2. Thupten Phuntsok Dictionary

ཐང་ཟན་ཙང་གི་ལམ་ཡིག》ལས། རྒྱལ་པོའི་ཁབ་ནས་བྱང་ཕྱོགས་སུ་ལེ་དབར་བཞི་བཅུ་མ་ཟིན་ཙམ་གྱི་སར་ཡོད། ན་ལེནྡྲ་ཞེས་པའི་གོ་དོན་ནི་སྦྱིན་པ་ལ་མི་སྐྱོ་བའི་དོན་ཡིན་པ་དང་། གནས་དེ་ནི་འཕགས་པ་ཤཱ་རིའི་བུའི་འཁྲུངས་ས་གྲོང་ན་ལ་དཱ་ཟེར་དེ་ཡིན་སྟབས་དེའི་དྲན་གསོའི་ཆེད་དུ་རྒྱལ་གར་དབུས་དང་མཐའ་བཞི་སྟེ་རྒྱལ་པོ་ལྔས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བཞེངས་པ་ཡིན་སྟབས་སོ་སོ་ནས་དགེ་འདུན་གྱི་འཚོ་བ་དང་རིས་སུ་མ་ཆད་པའི་མགོན་མེད་ཡོངས་ལ་སྦྱིན་པ་གཏོང་བའི་ཁང་པ་དང་གཙུག་ལག་ཁང་ཧ་ཅང་མང་ཞིང་སྐབས་དེར་འཛམ་བུ་གླིང་ན་འདི་ལས་རྒྱ་ཆེ་བ་དང་འདི་ལས་བཟོ་བཀོད་ལེགས་པའི་ལྷ་ཁང་མེད་པར་གྲགས་ཞེས་གསལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེ་ནས་ན་ལེནྡྲའི་གྲུབ་ཟན་ལ་སླེབས། རྐང་ཐང་ལ་ཅུང་ཟད་སོང་ན་སྔོན་གྱི་དགོན་ཤུལ་རྒྱ་ཆེན་པོ་ཡོད། ན་ལེནྡྲ་ནི་སྔོན་རྒྱ་གར་གྱི་ཆོས་སྡེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་ཕེབས་པའི་དུས་དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ཟེར། ཨརྱ་དེ་ཝ། ཞི་བ་འཚོ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎྜི་ཏ་ཆེན་པོ་དེ་ཐམས་ཅད་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བ་ཡང་དགོན་པ་འདི་ནས་བྱུང་བ་ཡིན་ཞེས་གསུངས་སོ། །འདིའི་ལོ་རྒྱུས་ཞིབ་ཙམརྒྱ་གར་ཆོས་འབྱུང》ནང་ཡོད།

language:
Tibetan