- nag po dar ya kan
- ID:
- T234776
- ནག་པོ་དར་ཡ་ཀན (Tibetan, Tibetan script, Original)
- > nag po dar ya kan (Tibetan, Latin script, Transliteration-THL Extended Wylie Transliteration)
- > nakpo dar ya ken (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལོ་མང་སྐྱེ་བའི་སྔོ་རིགས་ཏེ། ཤ་རྒྱུའི་རྩ་བ་དཀར་སོབ་སྦོམ་ལ་རྒྱུས་ཕྲན་ཐར་ཐོར་ཡོད་པ། ངར་པ་ཁོང་སྟོང་འཇམ་ལ་རིང་བ། མཐོ་ཚད་སྨི་0.3~0.8ཙམ་ཟིན་པ། ལོ་མ་ལྗང་འཇམ་དབྱིབས་སྒོང་ནར་མཐའ་སྙོམས་7~11ཙམ་ཁ་སྤྲོད་དུ་སྐྱེ་བའི་སྲད་ལོ་ལོ་རྐང་རིང་པོ་ཅན་རེས་མོས་སྐྱེ་ཞིང་ཚིགས་མཚམས་ལོ་ཕྲན་གྱིས་གཏུམ་པ་སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ། ཟླ་བ་7~8པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་མངར་ཁ། ཞུ་རྗེས་སྙོམས། ནུས་པས་མགོ་སོགས་རུས་པ་ཆག་པ་སྦྱོར་ཞིང་ལྷ་བ་འཛིན། རྨ་གསོ།
- language:
- Tibetan