Skip to main content Skip to search
nag tshur ser tshur
ID:
T234787
  • ནག་ཚུར་སེར་ཚུར (Tibetan, Tibetan script, Original)
    • > nag tshur ser tshur (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nak tsur ser tsur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་རང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་། བྲག་གི་སྲུབ་སོགས་ནས་འཛག་པ། ལིའུ་སོན་ཡན་དང་། ལིའུ་སོན་ཐེ་ཞེས་པའི་གཏེར་དངོས་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། སོབ་དང་ཁུང་བུས་ཁེངས་ཤིང་། ཁ་དོག་སེར་སྐྱ་དང་། འགའ་ཞིག་ལ་ལྗང་ཞད་འདྲེས་པ། བརྟག་པ་ཡང་རྫས་འགྱུར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། སྲ་ཚད་2~2.5cmདང་། བསྡུར་ལྗིད་ཁེ་1.8~1.9ཡོད་པ། ཡན་སོན་དང་འཕྲད་པས་ཁ་དོག་ཤིན་ཏུ་སེར་པོར་འགྱུར་བ་དང་། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་དང་མཉམ་དུ་བཏུལ་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་གམ་ནག་པོར་འགྱུར་བ། བྲོ་བ་སྐྱུར་ལ་བསྐ་བ། ཆུར་སྦྱངས་པས་འཇུ་སླ་བ་བཅས་སོ། །མིང་གཞན། མཚུར་དང་། བོད་ཚུར། ཚུར་ནག ཚུར་སེར། ས་ཚུར་བཅས་སོ། །རོ་ནུས། རོ་བསྐ་སྐྱུར། ཞུ་རྗེས་བསིལ། ནུས་པས་རུལ་བ་གཅོད་ཅིང་སྐྲན་བརྐོ། ཐལ་ན་དུག་ཡོད་པས་སྤྱིར་བཏང་ཕྱི་སྤྱོད་ལས་ཁོང་སྨན་དུ་བསྟེན་པ་ཉུང་།

language:
Tibetan