Skip to main content Skip to search
nags sbal
ID:
T234798
  • ནགས་སྦལ (Tibetan, Tibetan script, Original)
    • > nags sbal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nak bal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་རྩངས་པ་ལ་ནགས་རྩངས་དང་ཀླུང་རྩངས་གཉིས་ཡོད་པའི་ཆེ་བ་ནགས་རྩངས་ཏེ། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་གནས་ཁག་དང་རང་ལྗོངས་ཀྱི་དྲོད་ཚད་ཆེ་བའི་ས་ཆ་འགར་ཡང་ཡོད། བྲག་གསེབ་དང་། ནགས་ཚལ་དུ་གནས་ཤིང་། ཉིན་མོ་ཡིབ་ནས་མཚན་པོ་རྒྱུ། ལུས་བདེ་མྱུར་ཆེ་ཞིང་རྒྱུགས་མགྱོགས། ལུས་ཀྱི་རིང་ཚད་སྨི་0.20ལྷག་ཙམ་ཡོད་པས་མི་དར་མའི་མཐོ་གང་ཡས་མས་ཙམ་ལ་མགོ་ཆེ་ཞིང་དབྱིབས་ཟུར་གསུམ་ལ་མིག་ཀྱང་ཆེ་བ། མཇུག་མ་ཧ་ཅང་རིང་བ། ཨོ་བཞི་སེར་སྐྱ་ཡིན། སྨན་དུ་སྦྱར་བྱ་དང་རོ་ནུས། ཤ་ (ནང་གྲོལ་བཏོན་ཚར་བའི་ལུས་ཡོངས་རྫོགས།) རོ་མངར་ལ་ལན་ཚ་བ། ཞུ་རྗེས་དྲོད། ནུས་པས་མཁལ་ནད་གྲང་བ་སེལ། མཁལ་ནུས་ཉམས་པ་གསོ། རོ་ཙ་ཁུ་བ་སྐྱེད། ལུས་ཟུངས་ཟད་པ་གསོ་ཞིང་གློ་གཅོང་སོགས་ལ་ཕན།

language:
Tibetan