- nad kyi ltar snang
- ID:
- T234918
- ནད་ཀྱི་ལྟར་སྣང (Tibetan, Tibetan script, Original)
- > nad kyi ltar snang (Tibetan, Latin script, Transliteration-THL Extended Wylie Transliteration)
- > né kyi tarnang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱིར་ལྟར་སྣང་གི་སྐྱོན་ཇི་ལྟར་འབྱུང་ཞེ་ན། གོང་དུ་བཤད་པའི་ཚ་གྲང་གཉིས་ཀྱི་ནད་གཉིས་པོའི་རྒྱུ་རྐྱེན་ལ་སོགས་པ་བཅུ་པོ་དེ་དག་དང་། ནད་རྟགས་རྣམས་ཕན་ཚུན་འདྲེས་པར་གྱུར་ན་ཡིན་པ་ལ་མིན་པ་དང་། མ་ཡིན་པ་ལ་ཡིན་པར་ལྟར་སྣང་བའི་ནད་སྣ་ཚོགས་འབྱུང་གི་ཡོད་པ་དེ་དག ཚ་བ་གྲང་བ་ལྟར་སྣང་བ་དང་། གྲང་བ་ཚ་བ་ལྟར་སྣང་བ་གང་ཡིན་ཡང་རུང་། ལྟར་སྣང་ལྔ་པོས་ཚ་གྲང་གི་འཁྲུལ་སོ་གསལ་ནུས་ཀྱི་ཡོད་པ་རེད།
- language:
- Tibetan