- nad kyi zin tig drug cu rtsa gsum
- ID:
- T234920
- ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ (Tibetan, Tibetan script, Original)
- > nad kyi zin tig drug cu rtsa gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > né kyi zin tik drukchu tsa sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྣམ་པར་གྱུར་པའི་ནད་ཀྱི་རྒྱུ་རྐྱེན་སོགས་མདོ་དོན་སྙིང་པོ་དྲིལ་ནས་བཀོད་པའི་རྣམ་གྲངས་དྲུག་ཅུ་རྩ་གསུམ་གྱི་བསྡུས་མིང་སྟེ། རྩ་བ་ཐུགས་ཀྱི་རྒྱུད་ལས། ནད་ནི་སྐྱེད་པར་བྱེད་པའི་རྐྱེན་གསུམ་སྟེ། །དེ་ལ་ལྷན་ཅིག་བསྐྱེད་པའི་རྐྱེན་བཞི་ཡིས། །འཇུག་སྒོ་རྣམ་པར་དྲུག་ཏུ་ཞུགས་ནས་ནི། །ལུས་ཀྱི་སྟོད་སྨད་བར་དུ་གནས་བཅས་ཤིང་། རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུ། །ན་སོ་ཡུལ་དུས་དགུ་རུ་འཕེལ་བྱེད་དེ། །འབྲས་བུ་སྲོག་གཅོད་པ་ཡི་ནད་དགུར་སྨིན། །ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་འགྱུར། མདོ་དོན་དྲིལ་བས་ཚ་གྲང་གཉིས་སུ་འདུས། །དེ་ལྟར་དྲུག་ཅུ་རྩ་གསུམ་གསོ་བྱའི་ནད། །ཅེས་གསུངས་པ་ལྟར་དང་། ནད་ཀྱི་ཟིན་ཏིག་ཅེས་པའི་དོན་ཡང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ནད་ཀྱི་ཟིན་ཏིག་ནི། རྣམ་པར་གྱུར་པའི་ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་སོགས་ཀྱི་དོན་རྣམས་སྙིང་པོ་བསྡུས་ནས་བཀོད་པ་ལ་ཟེར་ཏེ། སྤྱིར་ཟིན་ཏིག་ཅེས་པའི་དོན་ཡང་གང་འཆད་བྱའི་དོན་རྣམས་ཀྱི་སྙིང་པོ་བསྡུས་ནས་བཀོད་པ་ལ་ཟེར་རོ། །ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ནད་ཀྱི་ཟིན་ཏིག་ནི། ནད་ཀྱི་སྒོས་ཆ། འདི་ནད་ཀྱི་ཟིན་ཚར་བའི་དོན་དུ་བསྒྱུར་བ་མི་རིགས་ཏེ། དེའི་ལོ་མ་དྲུག་ཅུ་རྩ་གསུམ་ལ་དུས་གདོན་སོགས་ནད་མ་ཡིན་པ་དུ་མ་ཡོད་པས་སོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan