- nad dang sbyar te btang tshul bcu
- ID:
- T234928
- ནད་དང་སྦྱར་ཏེ་བཏང་ཚུལ་བཅུ (Tibetan, Tibetan script, Original)
- > nad dang sbyar te btang tshul bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > né dang jar té tang tsul chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཉེན་པོ་ཞི་བྱེད་ཀྱི་སྨན་དེ་ཡང་ཉིན་ཞག་གཅིག་གི་ནང་དུ་ནད་ཀྱི་གནས་དང་། ནད་ཀྱི་མཚན་ཉིད། ནད་ལྡང་བའི་ཕྱི་ནང་གི་རྟེན་འབྲེལ་སོགས་ལ་བལྟོས་ནས་གང་ལ་དེ་འཚམ་གྱི་ནད་དང་སྦྱར་ཏེ་སྨན་བཏང་བའི་ཚུལ་ལའང་མི་འདྲ་བ་རྣམ་པ་བཅུ་མཆིས་ཏེ། མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། གང་ཞེ་ན། བད་ཀན་ལྡང་ཞིང་རྒྱས་པ་ལས་འདུས་པའི་ནད་སྟོབས་དང་ལྡན་པ་ལ་ཕན་པའི་སྨན་ཟས་མ་ཟོས་པ་སྟེ་སྔ་དྲོ་སྐྱ་རེངས་འཆར་བའི་དུས་ཀྱི་ཁྱེའུ་སུས་ལ་བཏང་བར་བྱ་བ་དང་གཅིག། ཐུར་སེར་ལ་སོགས་པའི་ནད་ལ་ཕན་པའི་སྨན་དེ་ནི་ཉི་ཕྱེད་ཀྱི་ཟས་ཀྱི་སྔོན་ལ་བཏང་ནས་དེ་མ་ཐག་ཟས་ཟ་བ་དང་གཉིས། མེ་དང་མཉམ་པའི་རླུང་གི་ནད་ལ་སོགས་པ་རྣམས་ལ་ཕན་པའི་སྨན་ནི་བཤད་མ་ཐག་པའི་རིགས་པས་ཉི་ཕྱེད་ཀྱི་ཟས་ཕྱེད་ཟོས་ཕྱེད་མ་ཟོས་པའི་དབུས་སུ་བཏང་ནས་སླར་ཁ་ཟས་ཕྱེད་པོ་དེ་ཟ་བ་དང་གསུམ། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་ལ་ཕན་པའི་སྨན་ནི་ཉིན་ཕྱེད་དམ་དགོང་མོའི་བཟའ་བཏུང་ཟོས་མ་ཐག་པའི་མཐར་བཏང་བ་དང་བཞི། སྲོག་འཛིན་གྱི་རླུང་ལས་གྱུར་པའི་ནད་ལ་སོགས་པ་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་སྨན་ཐུན་ཆུང་རེ་སྤེལ་ཞིང་བཏང་བར་བྱ་བ་དང་ལྔ། གྱེན་དུ་རྒྱུ་བའི་རླུང་གི་ནད་ལ་སོགས་པ་ཕལ་མོ་ཆེ་ལ་ནི་ཟས་ཀྱི་མཚམས་མཚམས་སུ་སྟེ་ཟས་ཞུ་སྨན་ཞུ་ཞེས་བྱ་བའི་ཚུལ་དུ་བཏང་བ་དང་དྲུག། དབུགས་མི་བདེ་བ་དང་ལུད་པ་ལ་སོགས་པའི་ནད་ལ་ཕན་པའི་སྨན་ནི་ཁ་ཟས་ལ་མ་བལྟོས་པར་དུས་ངེས་མེད་དུ་ཙེ་གུར་ཏེ་ཐུན་ཆུང་ཆུང་ཡང་ཡང་བཏང་བ་དང་བདུན། ཡི་ག་འཆུས་པ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་དང་བཅས་ཏེ་བསྲེས་ནས་བཏང་བ་དང་བརྒྱད། སྐྱིགས་བུ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་ཀྱི་སྔོན་དང་རྗེས་གཉིས་ཀར་བཏང་ནས་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་གྱིས་བཏང་བ་དང་དགུ། ནམ་ཚོང་ཆད་ཀྱི་ནད་ལ་ཕན་པའི་སྨན་འགའ་ཞིག་ནི་དགོང་ཁའི་ཁ་ཟས་མ་ཟོས་སམ་ཟོས་ཀྱང་ཞུ་ནས་མཚན་མོ་ཉལ་ཁར་བཏང་བ་བཅུ་སྟེ་བཅུ་པོ་ལེགས་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan