- nad ma sgyib ma
- ID:
- T234931
- ནད་མ་སྒྱིབ་མ (Tibetan, Tibetan script, Original)
- > nad ma sgyib ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > né ma gyib ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་ཡུལ་ཕལ་གྱི་ཞིང་མུ་དང་། རྩིག་ཟུར། རྡོ་ཕུང་། ལྡུམ་གསེབ་སོགས་ལ་སྐྱེ་བ། ངར་པ་གྲུ་བཞི་རྩུབ་ལ་རིང་བ། གཞན་ལ་དཀྲིས་ནས་སྐྱེ་བ། ཚིགས་མཚམས་རེ་ནས་རེག་བྱ་རྩུབ་པའི་ལོ་མ་དང་། མཆན་ཁུང་ནས་ལོ་ཚབ་ཟུར་མང་ཉིས་སྦྱར་ཚིགས་རྒྱན་གྱི་ཚུལ་དུ་སྤྲས་པའི་བར་དུ་འབྲས་བུ་ཏིལ་དཀར་འདྲ་བ་བཞི་རེ་འདོགས་པ་མེ་ཏོག་སྔོན་པོ་ཤིན་ཏུ་ཕྲ་བ་འཆར་ཞིང་། འབྲས་བུ་རེག་རྩུབ་ཆུང་ངུ་འདོགས་པ། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ། ཟླ་བ་བདུན་པ་ནས་བརྒྱད་པར་སོ་སོར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་ཁ་མངར། ཞུ་རྗེས་བསིལ། ནུས་པས་རྨ་གསོ། རྨ་ཚད་སེལ། རུས་པ་ཆག་པ་སྦྱོར། སྐྲངས་པ་གཞིལ། ཡན་ལག་ཚིགས་ཀྱི་ཆུ་སེར་སྐེམ།
- language:
- Tibetan