- nad gzhi mkhris pa
- ID:
- T234935
- ནད་གཞི་མཁྲིས་པ (Tibetan, Tibetan script, Original)
- > nad gzhi mkhris pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > né shyi tripa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་དྲོད་ཁམས་ཀྱི་ཆ་ཤས་ཡོངས་ཀྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ནད་གཞི་མཁྲིས་པ་ནི། ལུས་ཀྱི་དྲོད་ཁམས་ཀྱི་ཆ་ཤས་ཡོངས་ཀྱི་སྤྱི་མིང་སྟེ། ཚ་བའི་ནད་ཐམས་ཅད་ཀྱི་གཞི་མཁྲིས་པ་ཞེས་བརྗོད་དམ་སྙམ་ན། ཚ་བའི་ནད་ཐམས་ཅད་ཀྱི་གཞི་ནི་ལུས་ཀྱི་དྲོད་ཁམས་འཕེལ་བ་ཁོ་ན་ལས་བྱུང་བའི་ཕྱིར་དེ་ལྟར་དུ་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan