Skip to main content Skip to search
nus bsregs thal ba
ID:
T235029
  • ནུས་བསྲེགས་ཐལ་བ (Tibetan, Tibetan script, Original)
    • > nus bsregs thal ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nü sek talwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བསྲེག་བྱའི་སྨན་གྱི་དུ་བ་མ་ཤོར་ཞིང་འཚིག་དྲག་པ་དང་། མ་འཚིག་པའི་སྐྱོན་སོགས་བྲལ་བའི་སྦུབས་བསྲེགས་བྱས་པའི་ཐལ་བའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། ཤིང་སྔོ་ལྡུམ་བྲུན་ལ་སོགས་ནུས་ལྡན་དུ། བསྲེག་དགོས་དུ་བ་མ་ཤོར་ཁ་བཅད་བསྲེགས། གྲང་ནས་ཁ་ཕྱེ་ནག་འཚེར་འོད་ལྡན་ལེགས། སྔོ་དཀར་ཐལ་སྔོན་འདྲ་རྣམས་ནུས་ཤོར་ངན། ཁམ་སེར་རང་མདོག་ལྡན་རྣམས་མ་འཚིག་སྐྱོན། ཞེས་གསུངས་པ་ལྟར་རོ། །

language:
Tibetan