- gnag rgod sha
- ID:
- T235111
- གནག་རྒོད་ཤ (Tibetan, Tibetan script, Original)
- > gnag rgod sha (Tibetan, Latin script, Transliteration-THL Extended Wylie Transliteration)
- > nak gö sha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནག་ཅེས་མིའི་བདག་པའི་དུད་འགྲོ་སྤྱི་ཡི་མིང་ཡིན་ཡང་སྐབས་འདིར་གཡག་དར་མ་རྨོ་འགེལ་མ་བྱས་ཤིང་སྤུ་གྲ་མ་ཉམས་པའི་ཤ་ལ་ཟེར་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། གནག་ཅེས་མིའི་བདག་བ་ལང་དང་། འབྲི་མཛོ་ར་ལུག་སྤྱི་ཡི་མིང་། གནག་རྒོད་གཡག་ནི་དར་མའི་མིང་། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan