Skip to main content Skip to search
gna' dpe ring lugs gsar pa
ID:
T235168
  • གནའ་དཔེ་རིང་ལུགས་གསར་པ (Tibetan, Tibetan script, Original)
    • > gna' dpe ring lugs gsar pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > na pé ringluk sarpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཐོན་པའི་རིག་རྩལ་གསར་རྩོམ་གྱི་བསམ་པའི་རླབས་རྒྱུན་ཞིག་ཡིན། སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོར་མངོན་གསལ་དོད་པོའི་སྒོ་ནས་འཇར་མེན་གྱི་རིག་རྩལ་གར་སྟེགས་ཐོག་ཐོན་ཏེ་དེ་རྗེས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གི་རིག་རྩལ་གར་སྟེགས་དང་། རི་མོ་དང་རོལ་མོ་སོགས་ཀྱི་སྒྱུ་རྩལ་ཚན་ཁག་གི་ནང་དུ་དར་ཁྱབ་སོང་། མིང་འགའ་ཞིག་གི་ངོས་འཛིན་ལ་སྤྱི་ལོའི་དུས་རབས་བཅུ་དྲུག་ནས་བཅོ་བརྒྱད་བར་གྱི་ཡོ་རོབ་ཏུ་ཐོན་པའི་གནའ་དཔེ་རིང་ལུགས་ཀྱི་རིག་རྩལ་ལ་ལད་མོ་བྱས་ནས་དར་སྤེལ་བྱས་པ་ཞིག་ཡིན་པས་དེར་"གནའ་དཔེ་རིང་ལུགས་གསར་པ་"ཞེས་ཟེར། ཁོ་པ་ཚོའི་འབོད་ཚིག་ནི་"ཞི་ལ་དང་རོ་མར་བསྐྱར་ལོག་རྒྱག་དགོས་"ཟེར་བ་དང་། གནའ་བོའི་སྒྱུ་རྩལ་གྱི་སྒྲིག་ཁྲིམས་དང་གོམས་སྲོལ་སླར་གསོ་བྱེད་དགོས་ཟེར་བ། གནའ་དཔེ་རིང་ལུགས་ལ་འུད་བསྟོད་བྱེད་པ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད།

language:
Tibetan