- gnas chung grwa tshang
- ID:
- T235218
- གནས་ཆུང་གྲྭ་ཚང (Tibetan, Tibetan script, Original)
- > gnas chung grwa tshang (Tibetan, Latin script, Transliteration-THL Extended Wylie Transliteration)
- > né chung dratsang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཤད་སྲོལ་ཞིག་ལ་ལྷ་སྲས་མུ་ནེ་བཙན་པོས་གནས་འདིར་དགོན་པ་ཞིག་བཏབས། དགེ་འདུན་བཞི་གྲྭ་ཞིག་གི་སྡེ་བཙུགས། བསམ་ཡས་ནས་སྒྲོལ་མའི་སྐུ་ཞིག་གདན་དྲངས་ཏེ་གནས་འདིར་བཞུགས་སུ་གསོལ་བས་གནས་ཆུང་གཡུ་ལོ་བཀོད་པ་ཞེས་པའི་མིང་དེ་ནས་བྱུང་བར་གྲགས། ད་ལྟ་དགོན་པ་འདི་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་སྤྱི་ལོ་ (༡༦༨༡) ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད།
- language:
- Tibetan