Skip to main content Skip to search
gnas chen kha ba dkar po
ID:
T235220
  • གནས་ཆེན་ཁ་བ་དཀར་པོ (Tibetan, Tibetan script, Original)
    • > gnas chen kha ba dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né chen khawa karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁ་བ་དཀར་པོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཀྱི་ནུབ་ཧྲན་རི་བོའི་དཀྱིལ་དུ་ཆགས་པའི་མིང་གྲགས་ལྡན་པའི་གནས་རི་ཆེན་པོ་ཞིག་ཡིན་ཏེ། རི་རྩེ་མཐོ་ཤོས་ནི་རྒྱ་མཚོ་ལས་སྨི་༦༧༤༠ཡིན། ཁ་རྒྱུན་དུ་ཁ་བ་དཀར་པོ་ནི་བོད་ཀྱི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་ཏུ་བརྩིས་ཀྱི་ཡོད། ལོ་ལྟར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཀྱི་བོད་པ་ཚོས་ཐག་རིང་ལེ་དབར་སྟོང་ཕྲག་གི་དཀའ་ངལ་ལ་མི་འཛེམ་པར་གཅིག་རྗེས་གཉིས་མཐུད་ཀྱིས་གནས་ཆེན་ཁ་བ་དཀར་པོར་མཆོད་མཇལ་འོང་རྒྱུ་རེད། ལྷག་པར་དུ་ལུག་གི་ལོ་ནི་ཁ་བ་དཀར་པོའི་ལོ་རྟགས་ཡིན་པས་དེར་མཆོད་མཇལ་དུ་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་དེ་བས་མང་པོ་ཡོད།

language:
Tibetan