Skip to main content Skip to search
gnas rnying
ID:
T235227
  • གནས་རྙིང (Tibetan, Tibetan script, Original)
    • > gnas rnying (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né nying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཁང་དམར་རྫོང་ས་ཕུད་སྒང་ཆུས་གནས་རྙིང་ཤང་)རྒྱལ་རྩེ་ཁུལ་ཉལ་སྟོད་གནས་རྙིང་དགོན་པ་ནི་ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་དབུས་གཙང་དུ་ཕེབས་དུས་ཉན་ཚོ་གནས་རྙིང་དགོན་པར་ཞབས་སོར་འཁོད་སྐབས་རབ་གནས་ཞུས་པར་གནས་ཀྱི་སྙིང་པོར་འདུག་གསུངས་པས་གནས་སྙིང་དུ་གྲགས་ཟེར། དེང་སང་གནས་རྙིང་ལས་གནས་སྙིང་འབྲི་སྲོལ་མིན་འདུག གནས་རྙིང་དགོན་པ་འདི་གསང་སྔགས་རྙིང་མའི་བླ་མ་རྒྱ་འཇམ་དཔལ་གསལ་བའི་རྒྱུད་འཛིན་བླ་མ་རིམ་པས་འཛིན་སྐྱོང་མཛད། དེའི་རྗེས་སུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་སུ་ཙོང་ཁ་པས་གནས་རྙིང་དུ་གྲྭ་སྐོར་མཛད་པ་དང། རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་ཡིན་སྟབས། མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་ཡང་གནས་རྙིང་དུ་གདན་དྲངས་པ་ཙམ་ནས་དགེ་ལུགས་སུ་རང་ཤུགས་སུ་འགྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་སྐུ་ན་གཞོན་དུས་ཆུ་བྱི་(༡༤༩༢)ལོར་རྗེ་འཇམ་དཔལ་སྙིང་པོས་གདན་དྲངས་ཤིང། དེ་དུས་གནས་རྙིང་རིན་པོ་ཆེས་བཞེངས་པའི་གོས་སྐུ་འཇལ་བ་སོགས་བཀྲ་ཤིས་ལྷུན་པོ་དང། གནས་རྙིང་དགོན་པ་གཉིས་འབྲེལ་ལམ་ཟབ་པོ་བྱུང། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སུ་རྒྱའི་འཇམ་གསང་གི་གདུང་རྒྱུད་ཆད་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་ནང་གསལ་བ་དང། དེ་རྗེས་གུང་པཎྜི་ཏ་རྩེ་ཆེན་དགའ་བཞིར་གཞིས་སྐོར་ཕེབས་དུས་ལྷོ་པ་ཚེ་དར་ཟེར་བ་ཞིག་ལ་གནས་རྙིང་དགོན་པའི་གནས་ཚུལ་ཇི་འདྲ་ཡོད་མེད་འདྲི་རྩད་བྱས་པས་ལན་ལ། གནས་རྙིང་དགོན་མ་ལག་བྱིངས་ཡར་འབྲོག་བསམ་སྡིང་བླ་བྲང་ནས་འཛིན་སྐྱོང་བྱེད་བཞིན་ཉམས་གོག་ཆེར་མེད་ཚུལ་བཤད་འདུག

language:
Tibetan

2. Thupten Phuntsok Dictionary

(ཁང་དམར་རྫོང་ས་ཕུད་སྒང་ཆུས་གནས་རྙིང་ཤང) རྒྱལ་རྩེ་ཁུལ་ཉང་སྟོད་གནས་རྙིང་དགོན་པ་ནི་ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་དབུས་གཙང་དུ་ཕེབས་དུས་ཉན་ཚོ་གནས་རྙིང་དགོན་པར་ཞབས་སོར་འཁོད་སྐབས་རབ་གནས་ཞུས་པར་གནས་ཀྱི་སྙིང་པོར་འདུག་གསུངས་པས་གནས་སྙིང་དུ་གྲགས་ཟེར། དེང་སང་གནས་རྙིང་ལས་གནས་སྙིང་འབྲི་སྲོལ་མི་འདུག གནས་རྙིང་དགོན་པ་འདི་གསང་སྔགས་རྙིང་མའི་བླ་མ་རྒྱ་འཇམ་དཔལ་གསང་བའི་རྒྱུད་འཛིན་བླ་མ་རིམ་པས་འཛིན་སྐྱོང་མཛད། དེའི་རྗེས་སུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དུས་སུ་ཙོང་ཁ་པས་གནས་རྙིང་དུ་གྲྭ་སྐོར་མཛད་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་གཞིས་དགོན་ཡིན་སྟབས། མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་ཡང་གནས་རྙིང་དུ་གདན་དྲངས་པ་ཙམ་ནས་དགེ་ལུགས་སུ་རང་ཤུགས་ཀྱིས་འགྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་སྐུ་ན་གཞོན་དུས་ཆུ་བྱི (༡༤༩༢) ལོར་རྗེ་འཇམ་དཔལ་སྙིང་པོས་གདན་དྲངས་ཤིང་། དེ་དུས་གནས་རྙིང་རིན་པོ་ཆེས་བཞེངས་པའི་གོས་སྐུ་མཇལ་བ་སོགས་བཀྲ་ཤིས་ལྷུན་པོ་དང་། གནས་རྙིང་དགོན་པ་གཉིས་འབྲེལ་ལམ་ཟབ་པོ་བྱུང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སུ་རྒྱའི་འཇམ་གསང་གི་གདུང་རྒྱུད་ཆད་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་དུ་གསལ་བ་དང་། དེ་རྗེས་གུང་པཎྜི་ཏ་རྩེ་ཆེན་དགའ་བཞིར་གཞིས་སྐོར་ཕེབས་དུས་ལྷོ་པ་ཚེ་དར་ཟེར་བ་ཞིག་ལ་གནས་སྙིང་དགོན་པའི་གནས་ཚུལ་ཇི་འདྲ་ཡོད་མེད་འདྲི་རྩད་བྱས་པས་ལན་ལ། གནས་རྙིང་དགོན་མ་ལག་བྱིངས་ཡར་འབྲོག་བསམ་སྡིངས་བླ་བྲང་ནས་འཛིན་སྐྱོང་བྱེད་བཞིན་ཉམས་གོག་ཆེར་མེད་ཚུལ་བཤད་འདུག

language:
Tibetan