- gnas mdo dgon
- ID:
- T235238
- གནས་མདོ་དགོན (Tibetan, Tibetan script, Original)
- > gnas mdo dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > né do gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྤྱི་ལོ་ (༡༦༤༦) ལོར་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁོངས་སུ་ཡོད། (2) མིང་གཞན་སྡམ་ཁའི་གནས་མདོ་དགོན་ཟེར། མཁས་དབང་ཀརྨ་ཆགས་མེད་ཀྱི་ཞལ་སློབ་བླ་མ་རིག་འཛིན་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་དུ་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་ཁོངས་སུ་ཡོད། (3) མདོ་གཞུང་གནས་མདོ་ཡང་ཟེར། འདེབས་མཁན་དང་འདེབས་ལོ་མི་གསལ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སུ་ཡོད།
- language:
- Tibetan