Skip to main content Skip to search
gnas nang dpa' bo sku phreng lnga pa phrin las rgya mtsho
ID:
T235245
  • གནས་ནང་དཔའ་བོ་སྐུ་ཕྲེང་ལྔ་པ་ཕྲིན་ལས་རྒྱ་མཚོ (Tibetan, Tibetan script, Original)
    • > gnas nang dpa' bo sku phreng lnga pa phrin las rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né nang pawo ku treng ngapa trinlé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་སྤྱི་ལོ་ (༡༦༥༠) ལོར་མདོ་ཁམས་རྟའུ་ཤལ་ཁོག་དང་བའི་རྡོ་རྗེ་གཡུ་སྒྲོན་མའི་གངས་རིའི་མགུལ་གཡུ་མཁར་དུ་འབྲོག་རིགས་རྣུ་ཟོག་ཅེས་པའི་རུ་སྐོར་དུ་འཁྲུངས། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་རྒ་ལོའི་སྒྲུབ་ཕུག་གི་ཉེ་འདབས་སུ་ཕེབས་པ་དང་མཇལ། མཚན་ཀུན་དགའ་རྙིང་པོ་ཞེས་གསོལ་ཏེ་ཡུམ་ལ་གཙང་སྦྲ་དགོས་པའི་བཀའ་སྩལ། དེ་རྗེས་རྒྱལ་ཐང་དུ་ཕེབས་ནས་ཀརྨ་པའི་མདུན་ནས་རབ་བྱུང་ཞུས། དེ་ནས་རྒྱལ་བ་ཀརྨ་པ་དང་ལྷན་དུ་དབུས་སུ་ཕེབས། རྒྱལ་བ་ལྔ་པ་ཆེན་པོའི་མདུན་ནས་བསྙེན་རྫོགས་ཞུས། གནས་ནང་དང་། སྒྲག་སྔགས་གྲྭ་སོགས་བདག་བཟུང་ཆོག་པའི་བཀའ་ལུང་ཐོབ་སྟབས་དེ་ནས་བཟུང་དཔའ་བོ་སྐུ་ཕྲེང་རྣམས་ཀྱིས་གདན་ས་གནས་ནང་དུ་ཆགས། རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོ་ (༡༦༩༩) ལོར་དགུང་ལོ་ལྔ་བཅུ་པར་སྐུ་གཤེགས།

language:
Tibetan