- gnas nang ri khrod
- ID:
- T235254
- གནས་ནང་རི་ཁྲོད (Tibetan, Tibetan script, Original)
- > gnas nang ri khrod (Tibetan, Latin script, Transliteration-THL Extended Wylie Transliteration)
- > né nang ritrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཁར་རྡོ་རི་ཁྲོད་ཀྱི་ཤར་ངོས་(ལྷ་སའི་ཤར་ངོས་)ལུང་ཤུར་ནང་ཆགས་པའི་གནས་ནང་རི་ཁྲོད་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་མཁར་རྡོ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་རིག་འཛིན་ཆོས་རྡོར་གྱིས་བཏབ། དེ་གར་རི་ཆུ་བྲག་ཕུག་སོགས་ངོ་ཚར་ཆེ་ལ་ཟངས་མདོག་དཔལ་རི་ཞེས་བྲག་རི་ཞིག་ལ་རི་སྐོར་རྒྱག་ས་དང། སློབ་དཔོན་རིན་པོ་ཆེའི་སྒྲུབ་ཕུག་ཅེས་པའི་ཕུག་པ་སོགས་ཡོད། རི་ཁྲོད་དེ་ཐོག་མར་མཁར་རྡོ་རིག་འཛིན་ཆོས་རྡོར་གྱིས་མཁར་རྡོའི་གཏེར་ཆོས་ཐུམ་མོང་མ་ཡིན་པ་རྣམས་ཉམས་བཞེས་གནང་སའི་བཙུན་མའི་སྒྲུབ་སྡེ་ཞིག་ཡིན་རུང། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་(༡༩༣༠)ལོའི་ཡས་མས་སུ་རྐུན་ཇག་གིས་བཙུན་མ་རྣམས་སྡོད་བཟོད་མི་བདེ་བ་བཟོས་སྟབས་གནས་སྒོ་གདོང་གི་གྲྭ་པ་དང། གནས་ནང་གི་བཙུན་མ་རྣམས་ཀྱི་སྡོད་གནས་བརྗེས་ཏེ་གནས་ནང་གྲྭ་དགོན་དང་གནས་སྒོ་གདོང་བཙུན་དགོན་དུ་གཏན་འཁེལ། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་གནས་ནང་ལ་གྲྭ་གྲངས་༡༧ཡིན་པ་དང་དགོན་བདག་མཁར་རྡོ་བླ་བྲང་ཡིན། གོང་གསལ་མཁར་རྡོ་དང། གནས་སྒོ་གདོང། གནས་ནང་བཅས་ལ་མཁར་རྡོའི་སྒྲུབ་སྡེ་གསུམ་ཞེས་འབོད།
- language:
- Tibetan
2. Thupten Phuntsok Dictionary
མཁར་རྡོ་རི་ཁྲོད་ཀྱི་ཤར་ངོས (ལྷ་སའི་ཤར་ངོས) ལུང་ཤུར་ནང་ཆགས་པའི་གནས་ནང་རི་ཁྲོད་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་མཁར་རྡོ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་རིག་འཛིན་ཆོས་རྡོར་གྱིས་བཏབ།
- language:
- Tibetan