Skip to main content Skip to search
gnas gsar rdo rje 'chang ngag dbang kun dga' legs pa
ID:
T235314
  • གནས་གསར་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པ (Tibetan, Tibetan script, Original)
    • > gnas gsar rdo rje 'chang ngag dbang kun dga' legs pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né sar dorjé chang ngawang kün ga lekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་༡༧༠༤ལོར་ཡབ་ལྷ་རིགས་འ་ཞ་ནམ་མཁའ་དོན་འགྲུབ་རྒྱལ་མཚན་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཕུན་ཚོགས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ས་གླང་ལོར་གསང་ཆེན་སློབ་བཤད་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ཆོས་སྡེར་བྱོན་ཏེ། རྨོར་ཆེན་རྡོ་རྗེ་འཆང་ཡབ་སྲས་སོགས་ཞབས་རྡུལ་སྤྱི་བོར་བླངས་ཏེ། མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གདམས་པའི་བཅུད་ངོམས་པར་གསོལ། ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས་ཤིང་ལུང་བསྟན་དུ་མ་ཐོབ། སྙན་རྒྱུད་བཞི་སོགས་ཀྱི་སྒོ་ནས་གོ་རིམ་མ་འཆོལ་བར་འཆད་ཉན་མཛད་དེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད། མཐར་དགུང་གྲངས་ང་བདུན་པ་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༧༦༠ལོར་སྐུ་གཤེགས། Š

language:
Tibetan