- gnod bya bcu
- ID:
- T235333
- གནོད་བྱ་བཅུ (Tibetan, Tibetan script, Original)
- > gnod bya bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > nöja chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འབྱུང་འགྱུར་ངོ་བོ་ལོག་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཟུངས་བདུན་དང་། དྲི་མ་གསུམ་གྱི་བསྡུས་མིང་སྟེ། གཉའ་པ་ཆོས་བཟང་གིས་མཛད་པའི་དབུས་མཐའ་ལས། གནོད་བྱ་ནི་བཅུ་སྟེ། དྭངས་མ་དང་། ཁྲག་དང་། ཤ་དང་། ཚིལ་དང་། རུས་པ་དང་། རྐང་མར་དང་། ཁུ་བ་དཀར་དམར་གཉིས་དང་། བཤང་བ་དང་། གཅིན་དང་། རྔུལ་ནག་བཅས་སོ། །དེ་དག་ལ་ཅིའི་ཕྱིར་གནོད་བྱ་ཞེས་བརྗོད་དམ་སྙམ་ན། ལུས་ལ་ནད་ཀྱིས་གནོད་པར་བྱ་བའི་ཡུལ་འདི་བཅུ་ལས་མི་འདའ་བའི་ཕྱིར་དེ་ལྟར་དུ་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan