Skip to main content Skip to search
gnod bya gnod byed
ID:
T235335
  • གནོད་བྱ་གནོད་བྱེད (Tibetan, Tibetan script, Original)
    • > gnod bya gnod byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nöja nöjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འབྱུང་འགྱུར་ངོ་བོ་ལོག་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་གནོད་བྱ་ཞེས་ཟུངས་དང་དྲི་མའི་མིང་དང་། གནོད་བྱེད་ཅེས་རླུང་མཁྲིས་བད་ཀན་གསུམ་གྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། གནོད་བྱ་གནོད་བྱེད་ཅེས་འབྱུང་འགྱུར་ངོ་བོ་ལོག་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་མིང་སྟེ། གནོད་བྱ་ཞེས་ལུས་ཀྱི་ཉེས་གསུམ་འཕེལ་ཟད་འཁྲུགས་པ་སོགས་ནད་ཀྱི་ཟུག་རྔུས་གནོད་པ་བྱ་བའི་ཡུལ་ལུས་ཟུངས་དང་དྲི་མ་ཁོ་ན་ལས་མ་འདས་པས་གནོད་བྱ་ཞེས་དང་། གནོད་བྱེད་ཅེས་ཁམས་དེ་དག་གི་ཡུལ་དུ་ཟུག་རྔུ་གཏོང་མཁན་རླུང་མཁྲིས་བད་ཀན་གསུམ་ཁོ་ན་ལས་མ་འདས་པས་གནོད་བྱེད་ཅེས་ཟེར་བས་དེ་ནི་རྣམ་པར་གྱུར་མ་གྱུར་གཉིས་ཀའི་སྐབས་སུ་འཇུག་གོ། ཞེས་གསུངས་པ་ལྟར་རོ། །

language:
Tibetan