Skip to main content Skip to search
gnod byed bco lnga
ID:
T235336
  • གནོད་བྱེད་བཅོ་ལྔ (Tibetan, Tibetan script, Original)
    • > gnod byed bco lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nöjé cho nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འབྱུང་འགྱུར་ངོ་བོ་ལོགས་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པའི་རྩ་བའི་རླུང་ལྔ་དང་། རྩ་བའི་མཁྲིས་པ་ལྔ། རྩ་བའི་བད་ཀན་ལྔ་བཅས་ཀྱི་བསྡུས་མིང་སྟེ། གཉའ་པ་ཆོས་བཟང་གིས་མཛད་པའི་དབུས་མཐའ་ལས། གནོད་བྱེད་ནི་བཅོ་ལྔ་སྟེ། རླུང་སྲོག་འཛིན་དང་། རླུང་གྱེན་རྒྱུ་དང་། རླུང་ཁྱབ་བྱེད་དང་། རླུང་མེ་མཉམ་དང་། རླུང་ཐུར་སེལ་དང་བཅས་རླུང་ལྔ་དང་། མཁྲིས་པ་འཇུ་བྱེད་དང་། མཁྲིས་པ་མདངས་སྒྱུར་དང་། མཁྲིས་པ་སྒྲུབ་བྱེད་དང་། མཁྲིས་པ་མཐོང་བྱེད་དང་། མཁྲིས་པ་མདོག་གསལ་དང་བཅས་མཁྲིས་པ་ལྔ་དང་། བད་ཀན་རྟེན་བྱེད་དང་། བད་ཀན་མྱག་བྱེད་དང་། བད་ཀན་མྱོང་བྱེད་དང་། བད་ཀན་ཚིམ་བྱེད་དང་། བད་ཀན་འབྱོར་བྱེད་དང་བཅས་བད་ཀན་ལྔ་རྣམས་སོ། དེ་རྣམས་ལ་ཅིའི་ཕྱིར་གནོད་བྱེད་ཅེས་བརྗོད་ཅེ་ན། ལུས་ལ་ཟུག་རྔུའི་གནོད་པ་གཏོང་མཁན་འདི་བཅོ་ལྔ་ལས་མི་འདའ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan