Skip to main content Skip to search
rna bkra
ID:
T235369
  • རྣ་བཀྲ (Tibetan, Tibetan script, Original)
    • > rna bkra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > na tra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱིས་པའི་རྣ་བའི་རྩ་ལ་བརྟག་ནས་ནད་གང་ཡིན་ངོས་འཛིན་ཐུབ་པའི་བརྟག་ཐབས་ཤིག་གི་མིང་སྟེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། རྣ་བཀྲ་ནི། བྱིས་པའི་རྣ་བའི་རྩ་ལ་བལྟས་ནས་ནད་བརྟག་པའི་ཐབས་ཤིག་ཡིན། དེ་ཡང་བྱིས་པའི་ཁ་ཉི་མར་གཏད་དེ་བཟུང་བཅུག་ཅིང་སྨན་པས་བྱིས་པའི་རྒྱབ་ནས་ཉི་མའི་མདངས་ལ་བརྟེན་ནས་བྱིས་པའི་རྣ་བའི་རྩ་ལ་བརྟག་དགོས། རྣ་བར་གཡས་གཡོན་ལ་རྩ་གསུམ་གསུམ་འབྱུང་བས་གཡས་ཕྱོགས་ཀྱི་རྩ་གསུམ་པོ་སྟེང་ནས་རིམ་བཞིན་གློ་བ་དང་། མཆིན་པ། མཁལ་མ་གཡས་པ་གསུམ་གྱི་རྩ་ཡིན་པ་དང་། གཡོན་ཕྱོགས་ཀྱི་རྩ་གསུམ་པོ་རིམ་བཞིན་སྙིང་དང་། མཆེར་པ། མཁལ་མ་གཡོན་པ་གསུམ་གྱི་རྩ་ཡིན་ཞིང་དོན་རྣམས་ཀྱི་རྗེས་སུ་སྣོད་རྣམས་འབྲང་བར་ཤེས་དགོས་སོ། །ནད་རྟགས་སོ་སོར་དབྱེ་བ་ལ། མདོག་དམར་ནག་རྒྱས་པར་གྱུར་ན་ཚ་བ། སེར་སྐྱ་སྟོང་ན་གྲང་བ། རྩ་ཕན་ཚུན་འདྲེས་པར་གྱུར་ན་གདོན་ནད། རྩ་དམར་ལ་བཤན་ན་ནད་ཅན། སྦོམ་ཕྲ་མེད་པར་སྙོམས་ན་འཕྲལ་ཟུག་ཆེ་ཡང་ཕུག་སྐྱོན་མེད། མདོག་དམར་ཞིང་སྙོམས་ལ་ཤིང་ལོ་རྒྱས་ན་ནད་མེད། རྩ་གཏན་ནས་མི་གསལ་ན་གསོ་དཀའ་བར་བཤད་དོ། །ཞེས་གསུངས་པ་ལྟར་དང་། ཞིབ་པར་རྟོགས་འདོད་ན་བྱིས་པའི་ཆུང་དཔྱད་པདྨ་གཅེས་ཕྲེང་ནང་གཟིགས་ཤིག

language:
Tibetan