Skip to main content Skip to search
rna ba'i nad kyi rigs
ID:
T235377
  • རྣ་བའི་ནད་ཀྱི་རིགས (Tibetan, Tibetan script, Original)
    • > rna ba'i nad kyi rigs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nawé né kyi rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(རླུང་གྱུར) རྣ་བ་སྟོང་པར་སྙམ་པའི་ཚོར་བ་སྐྱེས་པ། ཟུག་ཆེ། གྲང་ན་མི་བདེ། མགོ་ཕྱེད་ན། (མཁྲིས་གྱུར) མེ་ཉི་སོགས་དྲོད་དང་བཅས་ཚེ་ཟུག་ཆེ་ཞིང་མགོ་ན་བ། རྣ་བའི་ནང་ནས་ཆུ་སེར་མྱུར་དུ་འཛག་ཅིང་། དེས་གང་ལ་རེག་པའི་ཤུལ་དུ་འབྲུམ་ཐོར་རྣག་བཅས་འབྱུང་། (ཁྲག་གྱུར) རྣ་བ་ནང་འགྲམས་ཤིང་མགོ་བོ་ལྕི་ལ་ཟུག་ཆེ་བ། (བད་གྱུར) མགོ་དང་འགྲམ་པ་ལྕི། ཟུག་ཆུང་། ཟ་ཞིང་སྐྲངས། རྙིངས་ཚེ་རྣག་སྐམ་འཛག (འདུས་གྱུར) འདུས་གྱུར་རྣག་ཅན་ནི་གོང་གི་ནད་རྟགས་རྣམས་ཐམས་ཅད་འབྱུང་ཞིང་། རྣ་བས་མི་ཐོས། རྣ་བ་ནས་རྣག་མདོག་དང་། སྐ་སླ་གཅིག་ཏུ་མ་ངེས་པ་རྒྱུན་ཏུ་འཛག (འདུས་པ) འདུས་གྱུར་འབྲུམ་ཐོར་འབྱུང་བ་ནི་རྣ་བའི་ནང་འབྲུམ་ཐོར་འབྱུང་ནས་འོན་པ།

language:
Tibetan