Skip to main content Skip to search
rnam rgyal grwa tshang
ID:
T235397
  • རྣམ་རྒྱལ་གྲྭ་ཚང (Tibetan, Tibetan script, Original)
    • > rnam rgyal grwa tshang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > namgyal dratsang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་རབ་བྱུང་བཅུ་པའི་ཤིངཁྱི་(༡༥༧༤)ལོར་སོག་པོའི་རྒྱལ་པོ་ཨལ་ཏན་གྱིས་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་གྲངས་སྐབས་ཆུ་ཤུལ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཟེར་བའི་དགོན་པ་དེ་ནས་གྲྭ་པ་ཉི་ཤུ་ཙམ་མཉམ་དུ་འཁྲིད་དེ། ཁོ་ཚོར་ཉིན་ལྟར་ལྷ་མོ་རྣམ་རྒྱལ་མའི་ཚེ་ཆོག་འདོན་དུ་བཅུག་ཐོག་མིང་ལ་རྣམ་རྒྱལ་གྲྭ་ཚང་ཞེས་བཏགས་ཏེ་སྐུ་ཞབས་གྲྭ་ཚང་དུ་བསྒྱུར། དེ་ནས་བཟུང་སོག་པོ་ཇུན་གར་ཚ་དབང་རབ་བརྟན་གྱི་དམག་དཔུང་བོད་དུ་མ་འབྱོར་བར་ལོ་མང་རིང་དགེ་ལུགས་དང། ས་ལུགས། རྙིང་ལུགས་བཅས་ཀྱི་ཆོ་ག་སྣ་ཚོགས་འདོན་གྱི་ཡོད་པ་ལ། ཇུན་གར་ཚེ་དབང་རབ་བརྟན་གྱིས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་བོད་དུ་ཡོད་པའི་རྙིང་མའི་ཆོས་ལུགས་རྩ་མེད་དུ་བཟོས་པ་དང་ཆབས་ཅིག་མེད་པ་བཟོས་ཤིང། དེ་ནས་སླར་ཡང་ལོ་ཤས་རིང་བསྐྱར་གསོ་བྱུང་ཡང། ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཊིང་གིས་སྲིད་དབང་བཟུང་རྗེས་བོད་དུ་དགེ་ལུགས་པའི་ཆོས་གཙོ་བོར་བྱེད་དགོས་པ་དང་ཆོས་ལུགས་གཞན་དག་ཆེད་དུ་མེད་པ་མ་བཟོས་པར་ཆུ་མིག་རང་སྐམ་ལ་འགྲོ་བ་ལྟར་གྱི་བྱ་ཐབས་ལག་ལེན་བསྟར་དགོས་ཞེས་བཀའ་ཕབ་པ་ལྟར། སྐབས་དེའི་བོད་ས་གནས་ཀྱི་སྲིད་དབང་འཛིན་མཁན་དའི་ཆིང་སྦ་དུར་རམ་ཁང་ཆེན་བསོད་ནམས་རྒྱལ་པོས་པོ་ཏ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་རྣམས་རྩེད་ཐང་ཨོ་རྒྱན་གློང་དུ་གནས་སྤོ་བྱས་ཏེ། གསར་དུ་རྒྱུད་སྨད་གྲྭ་ཚང་ནས་གྲྭ་པ་ཁག་གཅིག་བསྡུས་ནས་དགེ་ལུགས་གཙོ་བོར་བྱས་པའི་རྣམ་རྒྱལ་གྲྭ་ཚང་གསར་དུ་བཙུགས། གཞུང་དགོན་དུ་གཏོགས་པས་དགོན་བདག་ཡིག་ཚང་ནས་བྱེད་ཅིང། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས་༡༢༥སྐོར་ཡོད་ལགས། ཞིབ་པར་(སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བཻཊྱཱརྱ་སེར་པོ་》དང་《མི་དབང་རྟོགས་བརྗོད་》སོགས་ལ་གསལ།)

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་རབ་བྱུང་བཅུ་པའི་ཤིང་ཁྱི (༡༥༧༤) ལོར་སོག་པོའི་རྒྱལ་པོ་ཨལ་ཏན་གྱིས་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་དྲངས་སྐབས་ཆུ་ཤུལ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཟེར་བའི་དགོན་པ་དེ་ནས་གྲྭ་པ་ཉི་ཤུ་ཙམ་མཉམ་དུ་འཁྲིད་དེ། ཁོ་ཚོར་ཉིན་ལྟར་ལྷ་མོ་རྣམ་རྒྱལ་མའི་ཚེ་ཆོག་འདོན་དུ་བཅུག་ཐོག་མིང་ལ་རྣམ་རྒྱལ་གྲྭ་ཚང་ཞེས་བཏགས་ཏེ་སྐུ་ཞབས་གྲྭ་ཚང་དུ་བསྒྱུར། དེ་ནས་བཟུང་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱི་དམག་དཔུང་བོད་དུ་མ་འབྱོར་བར་ལོ་མང་རིང་དགེ་ལུགས་དང་། ས་ལུགས། རྙིང་ལུགས་བཅས་ཀྱི་ཆོ་ག་སྣ་ཚོགས་འདོན་གྱི་ཡོད་པ་ལ། ཇུན་གར་ཚེ་དབང་རབ་བརྟན་གྱིས་བོད་ས་གནས་སྲིད་དབང་བཟུང་སྐབས་བོད་དུ་ཡོད་པའི་རྙིང་མའི་ཆོས་ལུགས་རྩ་མེད་བཟོས་པ་དང་ཆབས་ཅིག་མེད་པ་བཟོས་ཤིང་། དེ་ནས་སླར་ཡང་ལོ་ཤས་རིང་བསྐྱར་གསོ་བྱུང་ཡང་། ཆིང་རྒྱལ་རབས་ཀྱི་གོང་མ་ཡུན་ཊིང་གིས་སྲིད་དབང་བཟུང་རྗེས་བོད་དུ་དགེ་ལུགས་པའི་ཆོས་གཙོ་བོར་བྱེད་དགོས་པ་དང་ཆོས་ལུགས་གཞན་དག་ཆེད་དུ་མེད་པ་མ་བཟོས་པར་ཆུ་མིག་རང་སྐམ་ལ་འགྲོ་བ་ལྟར་གྱི་བྱ་ཐབས་ལག་ལེན་བསྟར་དགོས་ཞེས་བཀའ་ཕབ་པ་ལྟར། སྐབས་དེའི་བོད་ས་གནས་ཀྱི་སྲིད་དབང་འཛིན་མཁན་དའི་ཆིང་སྦ་དུར་རམ་ཁང་ཆེན་བསོད་ནམས་རྒྱལ་པོས་པོ་ཏ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་རྣམས་རྩེད་ཐང་ཨོ་རྒྱན་གླིང་དུ་གནས་སྤོ་བྱས་ཏེ། གསར་དུ་རྒྱུད་སྨད་གྲྭ་ཚང་ནས་གྲྭ་པ་ཁག་གཅིག་བསྡུས་ནས་དགེ་ལུགས་གཙོ་བོར་བྱས་པའི་རྣམ་རྒྱལ་གྲྭ་ཚང་གསར་དུ་བཙུགས། གཞུང་དགོན་དུ་གཏོགས་པས་དགོན་བདག་ཡིག་ཚང་ནས་བྱེད་ཅིང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས༡༢༥སྐོར་ཡོད་ལགས། ཞིབ་པརབཻཌཱུརྱ་སེར་པོ》དངམི་དབང་རྟོགས་བརྗོད》སོགས་ལ་གསལ།

language:
Tibetan