Skip to main content Skip to search
rnam smin gyi skye ba bcu
ID:
T235438
  • རྣམ་སྨིན་གྱི་སྐྱེ་བ་བཅུ (Tibetan, Tibetan script, Original)
    • > rnam smin gyi skye ba bcu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nammin gyi kyewa chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་པ་དེ་ཕལ་ཆེར་ཛམྦུའི་གླིང་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གཉིས་པ་དེ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གསུམ་པ་སུམ་བཅུ་རྩ་གསུམ་ལ་དབང་བའི་བརྒྱ་བྱིན་ལ་སྐྱེ། ས་བཞི་པ་རབ་འཐབ་བྲལ་གྱི་ལྷའི་དབང་པོ་ལ་སྐྱེ། ས་ལྔ་པ་དགའ་ལྡན་གྱི་ལྷའི་དབང་པོ་ལ་སྐྱེ། ས་དྲུག་པ་རབ་འཕྲུལ་དགའི་ལྷའི་དབང་པོ་ལ་སྐྱེ། ས་བདུན་པ་དབང་སྒྱུར་གྱི་ལྷའི་དབང་པོ་ལ་སྐྱེ། ས་བརྒྱད་པ་སྟོང་སྤྱི་ཕུད་གྱི་བདག་པོ་ཚངས་པ་སྐྱེ། ས་དགུ་པ་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ལྷའི་དབང་པོ་ལ་སྐྱེ། ས་བཅུ་པ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གཙང་མའི་དབང་པོ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པར་གསུང་ས་སོ། །

language:
Tibetan

2. Thupten Phuntsok Dictionary

ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ཛམྦུའི་གླིང་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གཉིས་པ་དེ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གསུམ་པ་སུམ་ཅུ་རྩ་གསུམ་ལ་དབང་བའི་བརྒྱ་བྱིན་ལ་སྐྱེ། ས་བཞི་པ་འཐབ་བྲལ་གྱི་ལྷའི་དབང་པོ་ལ་སྐྱེ། ས་ལྔ་པ་དགའ་ལྡན་གྱི་ལྷའི་དབང་པོ་ལ་སྐྱེ། ས་དྲུག་པ་རབ་འཕྲུལ་དགའི་ལྷའི་དབང་པོ་ལ་སྐྱེ། ས་བདུན་པ་དབང་སྒྱུར་གྱི་ལྷའི་དབང་པོ་ལ་སྐྱེ། ས་བརྒྱད་པ་སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པ་ལ་སྐྱེ། ས་དགུ་པ་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ལྷའི་དབང་པོ་ལ་སྐྱེ། ས་བཅུ་པ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གཙང་མའི་དབང་པོ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པར་གསུངས་སོ། །

language:
Tibetan