- rnam bzhi'i rig 'dzin
- ID:
- T235446
- རྣམ་བཞིའི་རིག་འཛིན (Tibetan, Tibetan script, Original)
- > rnam bzhi'i rig 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
- > nam shyi rigdzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྫས་ཀྱི་རིག་འཛིན། ལོངས་སྤྱོད་ཀྱི་རིག་འཛིན། ལུས་ཀྱི་རིག་འཛིན། ཚེའི་རིག་འཛིན་ཏེ་བཞི། རྫས་ཀྱི་རིག་འཛིན་ནི། མིག་སྨན་དང་རྫས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལྟ་བུའོ། ལོངས་སྤྱོད་ཀྱི་རིག་འཛིན་ནི། མི་ལུས་མ་སྤངས་པར་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་ཇའ་ལུས་ཐོབཔ་ལྟ་བུ་ལ་ཟེར་རོ། དེ་དག་གི་སྟེང་དུ་ཚེའི་རིག་འཛིན་བསྣན་ནས་རྣམ་བཞིའི་རིག་འཛིན་ཟེར་རོ། །
- language:
- Tibetan
2. Thupten Phuntsok Dictionary
རྫས་ཀྱི་རིག་འཛིན། ལོངས་སྤྱོད་ཀྱི་རིག་འཛིན། ལུས་ཀྱི་རིག་འཛིན། ཚེའི་རིག་འཛིན་ཏེ་བཞི། རྫས་ཀྱི་རིག་འཛིན་ནི། མིག་སྨན་དང་རྫས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལྟ་བུའོ། །ལོངས་སྤྱོད་ཀྱི་རིག་འཛིན་ནི། རང་སྣང་དུ་འཁོར་བསྒྱུར་གྱི་ལོངས་སྤྱོད་ཐོབ་པ་ལྟ་བུ་ལ་ཟེར་རོ། །ལུས་ཀྱི་རིག་འཛིན་ནི། མི་ལུས་མ་སྤངས་པར་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་འཇའ་ལུས་ཐོབ་པ་ལྟ་བུ་ལ་ཟེར་རོ། །དེ་དག་གི་སྟེང་དུ་ཚེའི་རིག་འཛིན་བསྣན་ནས་རྣམ་བཞིའི་རིག་འཛིན་ཟེར་རོ། །
- language:
- Tibetan