Skip to main content Skip to search
rnal 'byor chen po a mes
ID:
T235465
  • རྣལ་འབྱོར་ཆེན་པོ་ཨ་མེས (Tibetan, Tibetan script, Original)
    • > rnal 'byor chen po a mes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > naljor chenpo a mé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ཉིད་ཀྱི་མཚན་ཆ་ཚང་ལ་ཨ་མེས་བྱང་ཆུབ་འབྱུང་གནས་སམ་བྱང་ཆུབ་རིན་ཆེན་ཞུ་ཞིང་རབ་བྱུང་གོང་གི་ཤིང་ཡོས་༡༠༡༥ལོར་མདོ་སྨ་ཙོང་ཁར་འཁྲུངས། ཇོ་བོའི་སློབ་མ་བདེན་གཉིས་ལ་ཤིན་ཏུ་མཁས་པ་ནི་རྣལ་འབྱོར་ཆེན་པོ་ཡིན་ཞིང་། དེས་གྲོ་ལུང་བ་དང་སྤྱན་སྔ་བ་ལ་གསུངས། དགེ་བཤེས་སྟོན་པས་གདན་དྲངས་པ་ལྟར་དེ་ཉིད་བྱང་དུ་ཕེབས། རབ་བྱུང་དང་པོའི་ཤིང་སྦྲུལ་༡༠༦༥ལོར་རྣལ་འབྱོར་པ་ཆེན་པོ་འདས་ནས་གདན་ས་འཛེང་དགོན་པ་བ་དབང་ཆགས་རྒྱན་མཚན་གྱིས་བསྐྱངས། །

language:
Tibetan

2. Thupten Phuntsok Dictionary

འདི་ཉིད་ཀྱི་མཚན་ཆ་ཚང་ལ་ཨ་མེས་བྱང་ཆུབ་འབྱུང་གནས་སམ་བྱང་ཆུབ་རིན་ཆེན་ཞུ་ཞིང་རབ་བྱུང་གོང་གི་ཤིང་ཡོས་ (༡༠༡༥) ལོར་མདོ་སྨད་ཙོང་ཁར་སྐུ་འཁྲུངས། ཇོ་བོའི་སློབ་མ་བདེན་གཉིས་ལ་ཤིན་ཏུ་མཁས་པ་ནི་རྣལ་འབྱོར་ཆེན་པོ་ཡིན་ཞིང་། དེས་གྲོ་ལུང་པ་དང་སྤྱན་སྔ་བ་ལ་གསུངས། དགེ་བཤེས་སྟོན་པས་གདན་དྲངས་པ་ལྟར་འདི་ཉིད་བྱང་དུ་ཕེབས། རབ་བྱུང་དང་པོའི་ཤིང་སྦྲུལ (༡༠༦༥) ལོར་བཀའ་གདམས་བསྟན་པའི་ཆུ་འགོ་རྭ་སྒྲེང་གི་གདན་ས་བསྐྱངས། རབ་བྱུང་དང་པོའི་ས་རྟ (༡༠༧༨) ལོར་རྣལ་འབྱོར་པ་ཆེན་པོ་འདས་ནས་གདན་ས་འཛེང་དགོན་པ་བ་དབང་ཕྱུག་རྒྱལ་མཚན་གྱིས་བསྐྱངས།

language:
Tibetan