- rnal 'byor 'jam dpal bzang po
- ID:
- T235467
- རྣལ་འབྱོར་འཇམ་དཔལ་བཟང་པོ (Tibetan, Tibetan script, Original)
- > rnal 'byor 'jam dpal bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > naljor jampal zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་གཅིག་པ་ཡིན། རབ་བྱུང་བཅུ་གསུམ་པའི་ས་བྱ་སྤྱི་ལོ་ (༡༧༨༩) ལོར་བྲང་ཏི་མཁས་པའི་རིགས་སུ་སྐུ་འཁྲུངས། ཨེ་ཝཾ་ཐར་པ་རྩེར་བཞུགས་ནས་མཁན་ཆེན་བྱམས་པ་བསོད་ནམས་དཔལ་འབྱོར་ལས་བསྙེན་པར་རྫོགས། གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དུ་མ་ལས་གསུང་ངག་ལམ་འབྲས་བུ་དང་བཅས་པ་སོགས་རྒྱ་ཆེར་གསན། དགུང་ལོ་ཞེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་ལུག་སྤྱི་ལོ་ (༡༨༣༥) ལོར་ཨེ་ཝཾ་གྱི་ཁྲིར་ཕེབས། གདན་ས་ལོ་བརྒྱད་བསྐྱངས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་བུ་སློབ་མཐའ་ཡས་པ་བསྐྲུན། སྡེ་དགེ་སྨད་ཤོད་ཧ་ལར་རྡོ་ལ་ཕྱག་མཛུབ་ཀྱིས་མ་ཎི་བྲིས་པ་སོགས་ཀྱི་སྒོ་ནས་གྲུབ་པའི་རྣམ་ཐར་བསྟན། དགུང་གྲངས་དོན་དྲུག་པ་སྟེ། རབ་བྱུང་བཅུ་བཞི་པའི་ཤིང་བྱི་སྤྱི་ལོ་ (༡༨༦༤) ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །
- language:
- Tibetan