- sna phu ba
- ID:
- T235496
- སྣ་ཕུ་བ (Tibetan, Tibetan script, Original)
- > sna phu ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > na puwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(གྲུབ་ཆེན་གླིང་རས་པ་པདྨ་རྡོ་རྗེ་)རབ་བྱུང་གཉིས་པའི་ས་སྤྲེལ་(༡༡༢༨)རབ་བྱུང་གསུམ་པའི་ས་སྤྲེལ་(༡༡༨༨)བར་དགུང་ལོ་དྲུག་བཅུ་རེ་གཅིག་བཞུགས། འཁྲུངས་ཡུལ་མྱང་སྟོད་རིག་པའི་འབྱུད་གནས་(དེང་སང་གི་རྒྱལ་རྩེ་)ཀྱི་གླང་པོ་སྣའི་གླིང་སྨད། ཡབ་རྒྱལ་པོ་སྐྱབས་སེ། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་འཁྲུངས། ཆུང་དུས་འབྲི་ཀློག་མཁས་པར་མཁྱེན། སྨན་མཁས་པ་ཞིག་ལ་བརྟེན་ནས་གསོ་བ་རིག་པ་ལ་ཡང་སྦྱངས། དགུང་ལོ་བཅུ་གསུམ་པ་ལ་ཡབ་གཤེགས། དགུང་ལོ་བཅུ་བདུན་ལ་སློབ་དཔོན་གླིང་གི་དྲུང་དུ་བསྙེན་རྫོགས་མཛད། དེ་ནས་ལོ་མང་པོའི་བར་བླ་མ་བསྟེན་ནས་གསང་སྔགས་ཀྱི་ཆོས་གསན། དགུང་ལོ་སོ་བརྒྱད་པ་ལ་ཕག་མོ་གྲུབ་པ་དང་མཇལ་ནས་ཆོས་མང་པོ་གསན། དགུང་ལོ་མཐོན་པོར་སོང་རྗེས་སྣ་ཕུར་དགོན་པ་བཏབ་ནས་བཞུགས་པས་བཞུགས་པས་གྲུབ་ཆེན་སྣ་ཕུ་བ་ཞེས་མཚན་ཐོགས། ལོ་རྒྱུས་རྒྱས་པ་བཀའ་རྒྱུད་ཆོས་འབྱུང་མང་ཆེ་བའི་ནང་གསལ། །
- language:
- Tibetan
2. Thupten Phuntsok Dictionary
(གྲུབ་ཆེན་གླིང་རས་པ་པདྨ་རྡོ་རྗེ) རབ་བྱུང་གཉིས་པའི་ས་སྤྲེལ་ (༡༡༢༨) ནས་རབ་བྱུང་གསུམ་པའི་ས་སྤྲེལ (༡༡༨༨) བར་དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། འཁྲུངས་ཡུལ་མྱང་སྟོད་རིག་པའི་འབྱུང་གནས་ (དེང་སང་གི་རྒྱལ་རྩེ) ཀྱི་གླང་པོ་སྣའི་གླིང་སྨད། ཡབ་རྒྱལ་པོ་སྐྱབས་སེ། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་འཁྲུངས། ཆུང་དུས་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་མཐོན་པོར་སོང་རྗེས་སྣ་ཕུར་དགོན་པ་བཏབ་ནས་བཞུགས་པས་གྲུབ་ཆེན་སྣ་ཕུ་བ་ཞེས་མཚན་ཐོགས།
- language:
- Tibetan