Skip to main content Skip to search
sna tshogs 'gag med sprul sku
ID:
T235501
  • སྣ་ཚོགས་འགག་མེད་སྤྲུལ་སྐུ (Tibetan, Tibetan script, Original)
    • > sna tshogs 'gag med sprul sku (Tibetan, Latin script, Transliteration-THL Extended Wylie Transliteration)
    • > natsok gakmé tulku (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་བཀའ་རྒྱུད་ཀྱི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ་ཡོད་པ་ཞིག་སྟེ་གོ་དོན་ནི་། སེམས་ཅན་རྣམས་ཉོན་མོང་དུག་གསུམ་ཤུགས་ཆེ་བ་དེ་ལ་བརྟེན་ནས་ལས་བཟང་ངན་སྣ་ཚོགས་བསགས་པ་ལས་འབྲས་བུ་འགྲོ་བ་རིགས་དྲུག་གི་ལས་སྣང་བྱུང་བ་དེ་ལ་མ་དག་པའི་སྣང་བ་ཟེར་བ་དང་། ལས་སྣང་དེ་སྦྱངས་ནས་གནས་འགྱུར་ན་དག་པའི་སྣང་བ་འཆར་ཞིང་། དག་མ་དག་གི་སྣང་བ་དེ་དག་ཐམས་ཅད་མེ་ལོང་གི་ངོས་སུ་གཟུགས་བརྙན་འཆར་བ་ལྟར་འགོག་མེད་དུ་འཆར་རྒྱུ་ཡོད་པ་དེ་ལ་སྣ་ཚོགས་འགག་མེད་སྤྲུལ་སྐུ་ཞེས་གསུངས་སྲོལ་ཡོད་འདུག། །

language:
Tibetan

2. Thupten Phuntsok Dictionary

འདི་ཡང་བཀའ་བརྒྱུད་ཀྱི་བླ་མ་ཚོའི་གསུང་རྒྱུན་ལ་ཡོད་པ་ཞིག་སྟེ་གོ་དོན་ནི། སེམས་ཅན་རྣམས་ཉོན་མོངས་དུག་གསུམ་ཤུགས་ཆེ་བ་དེ་ལ་བརྟེན་ནས་ལས་བཟང་ངན་སྣ་ཚོགས་བསགས་པ་ལས་འབྲས་བུ་འགྲོ་བ་རིགས་དྲུག་གི་ལས་སྣང་འབྱུང་བ་དེ་ལ་མ་དག་པའི་སྣང་བ་ཟེར་བ་དང་། ལས་སྣང་དེ་སྦྱངས་ནས་གནས་འགྱུར་ན་དག་པའི་སྣང་བ་འཆར་ཞིང་། དག་མ་དག་གི་སྣང་བ་དེ་དག་ཐམས་ཅད་མེ་ལོང་གི་ངོས་སུ་གཟུགས་བརྙན་འཆར་བ་ལྟར་འགོག་མེད་དུ་འཆར་རྒྱུ་ཡོད་པ་དེ་ལ་སྣ་ཚོགས་འགག་མེད་སྤྲུལ་སྐུ་ཞེས་གསུངས་སྲོལ་ཡོད་འདུག

language:
Tibetan