- snag mdangs grub mtha'
- ID:
- T235512
- སྣག་མདངས་གྲུབ་མཐའ (Tibetan, Tibetan script, Original)
- > snag mdangs grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
- > nak dang drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཆིང་རྒྱལ་རབས་སྐབས་ཀྱི་བྱ་དང་མེ་ཏོག་རི་མོའི་གྲུབ་མཐའི་གྲས་ཤིག་ཡིན། དེ་ནི་བཅད་མེད་སྣག་མདངས་ལ་བརྟེན་ནས་གཟུགས་བརྙན་མངོན་པ་བྱེད་ཅིང་། གྲུབ་མཐའ་དེ་འཛིན་མཁན་གྱི་མི་སྣ་གཙོ་བོ་ནི་ཝང་ཨུ་དང་། ཡུན་ཧྲའོ་ཕིང་གཉིས་ཡིན། གྲུབ་མཐའ་དེའི་ཁྱད་ཆོས་ནི་སུང་བྱང་མའི་སྐབས་ཀྱི་ཞུའེ་ཙུང་སིས་གཙོ་བོ་བྱས་པའི་འབྲི་སྲོལ་ཏེ། ཡིད་དུ་འོང་ཞིང་འདྲ་ཆགས་པ། བཀོད་པ་སྙོམ་ཞིང་བཀྲག་མདངས་ཆེ་བ། སྟངས་སྟབས་མཛེས་པ། དཔེ་ཆ་བའི་གཤིས་ལུགས་ཀྱི་ཉམས་འགྱུར་བཅས་ལྡན་ཡོད་པས་སྐབས་དེར་གྲུབ་མཐའ་དེར་ཡིད་སྨོན་དང་རྗེས་འབྲངས་པ་མང་པོ་ཞིག་བྱུང་ཡོད།
- language:
- Tibetan