- snag mdangs dbye ba
- ID:
- T235513
- སྣག་མདངས་དབྱེ་བ (Tibetan, Tibetan script, Original)
- > snag mdangs dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > nak dang yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། དེ་ནི་རྒྱ་སྲོལ་རི་མོའི་སྣག་ཚའི་སྤྱོད་ཐབས་ཤིག་ཡིན་པས། སྣག་མདངས་ལྔ་སྟེ། ཤིན་ཏུ་ནག་པོ། ནག་པོ། ནག་སི། ནག་སི་སྐྱ་བ། ནག་སི་ཧ་ཅང་སྐྱ་བ་དང་ལྔའོ། །འོན་ཀྱང་སྣག་ཚ་སྤྱོད་སྐབས་དངོས་དོན་ཐོག་སྣག་མདངས་ལྔས་མ་ཚད་པར། སྣག་མདངས་ཀྱི་དབྱེ་བ་དུ་མ་ཡོད། སྣག་ཚ་སྤྱོད་སྐབས་སྣག་མདངས་སྐྱ་ཚོ་ཕུན་སུམ་ཚོགས་པོ་དང་བཀྲག་མདངས་ལྡན་པ་བཅས་བྱུང་བ་ཡིན་ན། རི་མོའི་ཐོག་ཚོན་སྔོན་པོ་དང་། དམར་པོ། སེར་པོ། མཆིན་ཁ། ལྗང་གུ་བཅས་ཡོད་པ་ལྟར་གྱི་ཉམས་འགྱུར་ཐོན་གྱི་ཡོད་པས། དེ་ནི་གནའ་བོའི་མིས་བརྗོད་པའི་སྣག་མདངས་ལྔར་དབྱེ་བ་ཞེས་པའི་ནང་དོན་ཡང་དེ་ཡིན།
- language:
- Tibetan