Skip to main content Skip to search
snag med byugs thabs
ID:
T235518
  • སྣག་མེད་བྱུགས་ཐབས (Tibetan, Tibetan script, Original)
    • > snag med byugs thabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nakmé juk tab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། རི་མོ་འབྲི་སྐབས་རྩུབ་འདྲུད་ཀྱི་པིར་སྤྱོད་བྱས་ཐབས་ཤིག་ཡིན། པིར་སྤྱོད་སྐབས་སྣག་ཚ་ཚོ་པོ་དགོས་ལ་སྐྱ་པོའང་དགོས་པ། རྒྱས་པོ་ཡོད་ལ་སྡུད་པོའང་ཡོད་པ། རླན་གཤེར་ཡོད་ལ་སྐམ་པོའང་ཡོད་པའི་ཚོར་བ་འདོན་དགོས། པིར་ཁ་རློན་པས་རྩུབ་འདྲུད་བྱེད་སྐབས་དྭངས་གསལ་དགོས་པ་དང་། པིར་ཁ་སྐམ་པོས་རྩུབ་འདྲུད་བྱེད་སྐབས་སྣུམ་ཞག་དགོས། པིར་ཁ་སྐམ་པོས་རྩུབ་འདྲུད་བྱས་ཏེ་སྣུམ་ཞག་འདོན་པ་དེར་སྣག་མེད་བྱུགས་ཐབས་ཞེས་ཟེར།

language:
Tibetan