Skip to main content Skip to search
snag tsha snol ba
ID:
T235520
  • སྣག་ཚ་སྣོལ་བ (Tibetan, Tibetan script, Original)
    • > snag tsha snol ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > naktsa nolwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། དེ་ནི་སྣག་ཚ་དང་ཆུ་སྤྱད་ནས་བྲིས་པའི་རི་ཆུ་དང་མི་སྣ། བྱ་དང་མེ་ཏོག་སོགས་ཀྱི་ཐབས་རྩལ་ཞིག་ཡིན། སྣག་ཆུ་རི་མོ་འབྲི་སྐབས་སྣག་ཚ་གར་པོ་དང་སླ་པོ་མཉམ་བསྲེས་ཀྱིས་སྤྱོད་ཀྱི་ཡོད། སྐབས་འགར་སྣག་ཚ་གར་པོས་སླ་པོར་སྣོལ་བ་དང་། སྐབས་འགར་སྣག་ཚ་སླ་པོས་སྣག་ཚ་གར་པོར་སྣོལ་བ། སྐབས་འགར་པིར་རྗེས་སྐམ་པོས་སླ་པོར་སྣོལ་བ། སྐབས་འགར་རློན་པས་སྐམ་པོར་སྣོལ་བ་སོགས་བྲི་བྱའི་ཉམས་འགྱུར་དང་སྤུས་ཚོར་གསལ་མུན་སོགས་མཚོན་པ་བྱེད་ཀྱི་ཡོད་པས། བྱ་ཐབས་དེར་སྣག་ཚ་སྣོལ་བ་ཞེས་ཟེར།

language:
Tibetan