Skip to main content Skip to search
snag tsha spyod stangs kyi dgos pa bzhi
ID:
T235522
  • སྣག་ཚ་སྤྱོད་སྟངས་ཀྱི་དགོས་པ་བཞི (Tibetan, Tibetan script, Original)
    • > snag tsha spyod stangs kyi dgos pa bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > naktsa chö tang kyi göpa shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། དེ་ནི་རྒྱ་སྲོལ་རི་མོའི་སྣག་ཚ་སྤྱོད་སྟངས་ཀྱི་ལག་རྩལ་དང་བྱེད་ཐབས་ཤིག་ཡིན་པ་སྟེ། དགོས་པ་དང་གསོན་ཉམས་ཞེས་པ་ནི་པིར་སྤྱོད་སྐབས་སུ་གཙང་ཞིང་ཛ་ཛོར་མེད་པ་དང་སྣག་མདོག་གསོན་ཉམས་ལྡན་པ། པིར་གྱིས་སྣག་ཚ་འདྲེན་དུས་གར་པོ་དང་སླ་པོ་ཆུ་བཅས་ཚང་མ་འདྲེན་དགོས་ཤིང་མིག་ལམ་དུ་བཞའ་རློན་ཡོད་ལ་སྐམ་ཤས་ཡོད་པའི་ཚོར་སྣང་ཡོད་དགོས། དགོས་པ་གཉིས་པ་གཙང་ཞིང་སོས་པ་ཞེས་པ་ནི་རི་མོ་མ་བྲིས་གོང་པིར་རྨྱུག་གཙང་མ་འཁྲུ་དགོས་པ་མ་ཟད། བཅད་རྒྱག་དུས་ཁམས་དྭངས་ཤིང་རང་བཞིན་གྱི་གཙང་མ་ཡོད་དགོས། དགོས་པ་གསུམ་པ་འགྱུར་ལྡོག་ཡོད་པ་ཞེས་པ་ནི་པིར་སྤྱོད་སྐབས་ཚོ་ཡོད་ལ་སྐྱ་ཡང་ཡོད་པ། སྐྱའི་ནང་དུ་ཚོ་ཡོད་པ། ཚོའི་ནང་དུ་སྐྱ་ཡོད་པ། གཡོ་འགུལ་དང་འཕོ་འགྱུར་ཚོད་མི་ཐིག་པའི་ཕན་འབྲས་འདོན་དགོས། དགོས་པ་བཞི་པ། སྣག་བཅད་གཅིག་གྱུར་ཅེས་པ་ནི། བཅད་ནི་བཅད་དང་སྣག་ཚ་ནི་སྣག་ཚ་ཡིན་པའི་སྐྱོན་དེ་སེལ་ནས་ངེས་པར་དུ་བཅད་སྣག་གཅིག་གྱུར་གྱི་རྣམ་པ་ལྡན་དགོས།

language:
Tibetan