- snang cha'i mtho tshad
- ID:
- T235534
- སྣང་ཆའི་མཐོ་ཚད (Tibetan, Tibetan script, Original)
- > snang cha'i mtho tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > nangché to tsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྣང་ཆ་རིག་པའི་མིང་ཚིག་ཅིག་ཡིན། རི་མོ་བའི་མིག་དེ་བྲི་ཡུལ་གྱི་མིའི་རྐང་པ་འཛུགས་སའི་ས་ངོས་ཀྱི་མཐོ་ཚད་ལས་བྲལ་ཏེ། རི་མོའི་ངོས་སུ་ས་ངོས་ཀྱི་ཉེ་རིང་གང་རུང་གི་ཚགས་གཅིག་ནས་ས་ངོས་སྙོམ་ཐིག་བར་གྱི་དངོས་ཡོད་ཀྱི་མཐོ་ཚད་ཚང་མ་ནི་སྣང་ཆའི་མཐོ་ཚད་དང་མཚུངས་པ་ཡིན། རི་མོ་འབྲི་སྐབས་སྣང་ཆའི་མཐོ་ཚད་ཀྱིས་རྨང་གཞི་བྱས་པའི་འོག་ཉེ་ས་དང་རིང་སའི་མི་དང་དངོས་པོའི་སྣང་ཆའི་མཐོ་ཚད་དེ་ཚད་ལེན་ཐུབ་ཀྱི་ཡོད་པས། རི་མོའི་ངོས་ཀྱི་ཉེ་ཆེ་རིང་ཆུང་གི་སྣང་ཆའི་མིང་དང་དངོས་པོ་རྣམས་ས་ངོས་སྙོམ་ཐིག་གི་ཐོག་གཅིག་གྱུར་ཡོང་ཐུབ་ཀྱི་ཡོད།
- language:
- Tibetan