- snang cha'i ri mo
- ID:
- T235539
- སྣང་ཆའི་རི་མོ (Tibetan, Tibetan script, Original)
- > snang cha'i ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > nangché rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྣང་ཆའི་རྩ་དོན་གཞིར་བཟུང་ནས་བྲིས་པའི་རི་མོར་ཟེར། དེ་ནི་མིག་ལམ་འཕྲོ་གནས་དང་དངོས་པོའི་ཆ་ཤས་ཀྱི་འཕྲད་སའི་ཚགས་ཐིག་སྤྱད་ནས་བྲི་ཡུལ་གྱི་དབྱིབས་དང་གྲིབ་གཟུགས་མངོན་པ་དེ་ཡིན། རི་མོའི་བཀོད་སྒྲིག་དེ་རིགས་ནི་རི་མོ་མཁན་གྱི་གནས་སའི་འགྱུར་བར་བརྟེན་ནས་འགྱུར་བ་འགྲོ་བ་ཡིན། དེར་བརྟེན་རི་མོ་འབྲི་སྐབས་མཐོང་ཚོར་དང་། མིག་ལམ་ཚགས་ཐིག མིག་ལམ། མིག་གི་མཐོ་དམན། མཚམས་ཚགས། རི་མོའི་ཐིག་ལམ། ཆུ་ཚད་ཐིག བྲལ་ཚགས་སོགས་ཀྱི་འབྲེལ་བར་བསམ་གཞིགས་བྱེད་དགོས།
- language:
- Tibetan