Skip to main content Skip to search
snang ston zla ba rgyal mtshan
ID:
T235545
  • སྣང་སྟོན་ཟླ་བ་རྒྱལ་མཚན (Tibetan, Tibetan script, Original)
    • > snang ston zla ba rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nang tön dawa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྣང་སྟོན་ཟླ་བ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་རབ་བྱུང་བཅུགསུམ་པའི་མེ་འབྲུག་(༡༧༩༦)ལོར་རྔ་བ་ཁུལ་དུ་ཡབ་སྣང་ཞིག་གདུང་རིགས་ནོར་བུ་དང་ཡུམ་མཁར་སླེབས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲང་དྲུག་ལ་ཕེབས་པ་ནས་ཡི་གེ་འབྲི་ཀློག་འདོན་གསུམ་ཟབ་པར་སྦྱངས་པས་རང་གྲོལ་དུ་མཁྱེན། དགུང་ལོ་བཅུ་གསུམ་བཞེས་པའི་དུས་ཨ་ཁུ་ཤེས་རབ་བློ་གྲོས་ཀྱི་དྲུང་ནས་བོན་སྔོན་འགྲོའི་འཁྲིད་ཁ་བཞུས་པ་དང་། དགུང་ལོ་བཅོ་བརྒྱད་ཞེས་སྐབས་དབུས་གཙང་ཁུལ་དུ་གནས་མཇལ་བར་ཕེབས། གཡུང་དྲུང་བོན་གྱ་གདན་ས་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་དུ་ཕེསབས་ནས་དེར་མཁན་ཆེན་ཤེས་རབ་དགོངས་རྒྱལ་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞུས་པས་མཚན་ཟླ་བ་རྒྱལ་མཚན་ཞེས་གསོལ། དེ་ནས་ཐོབ་རྒྱལ་སྨ་རི་དགོན་དུ་བསྒྲིགས་བཞུགས་མཛད་དེ་དགོན་པའི་ཕྱི་ནང་བར་གསུམ་གྱི་སྒྲིག་ལམ་དང་། དཀྱིལ་འཁོར་ཕྱི་ནང་གསང་གསུམ་གྱི་ཐིག་རྩ། གྱེར་གདངས་འཕྲིན་ལས་དང་དུང་བུད་གཏོར་བཟོ་འཆམ་སོགས་ལ་སྦྱངས་པ་ནང་བྱན་ཆུན་པར་མཛད། དེ་ནས་ས་སྐྱའི་དགོན་ལག་ཆོས་སྡེ་ཆེན་པོ་འབྲས་ཡུལ་སྐྱིད་ཚལ་དུ་མཁན་པོ་སྐལ་བཟང་ཆོས་འཕེལ་སློབ་དཔོན་དུ་བསྟེན་ནས་བསྡུས་གྲ་ཆེན་པོ་ལེའུ་བཅོ་བརྒྱད་དང་། རྩ་གཞུང་། འདུལ་བ། མངོན་པ་མཛོད། ཚད་མ། ཕར་ཕྱིན། དབུ་མ་སོགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པ་མཛད་པས་འཆད་རྩོད་རྩོམ་གསུམ་ལ་མཁསཔར་གྱུར། དགུང་ལོ་ཉེར་ལྔ་པ་ལ་ས་སྐྱའི་གོང་མ་ཆེན་པོ་པདྨ་བདུད་འདུལ་གྱིས་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་རབ་འབྱམས་པའི་མཚན་རྟགས་གསོལ། དེ་ནས་བསྐྱར་དུ་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་དུ་ཞབས་བསྐོར་བསྐྱོད་པར་མཛད། དེར་མཁན་ཆེན་ཤེབ་རབ་དགོངས་རྒྱལ་གྱི་དྲུང་ནས་དག་པ་དྲང་སོང་གི་སྡོམ་པ་གཉིད་རྒྱ་ལྔ་བཅུ་ཐམས་པ་ཞུས་སྟེ་ཤ་ཆང་དང་དུས་མིན་ཁ་ཟས་སྒོག་བཙོང་སོགས་ལ་སྤངས་བྱ་མཛད། མཁན་རིན་པོ་ཆེ་སྐུ་གམ་ནས་ཕྱི་ནང་གསང་བའི་སྐོར་གྱི་བོན་རྒྱུན་བུམ་པ་གང་བྱོའི་ཚུལ་དུ་མནོས་ནས་ལོ་བདུན་རིང་སྐྱེས་རྫོགས་སྒོམ་གསུམ་གྱིདཀའ་སྤྱད་དགེ་སྦྱོར་ཉམས་སུ་ལེན་ཆེད་ངེས་མེད་རི་ཁྲོད་སོགས་ལ་མཚམས་སྒྲུབ་སྦྱངས་ལ་བཞུགས་པར་མཛད། དེ་ནས་སྨན་རིའི་མཁན་ཆེན་ཤེས་རབ་དགོངས་རྒྱལ་གྱི་བཀའ་དང་ལུང་གིས་བསྐུལ་བ་ལས་གདན་སའི་ས་མིག་འཚོལ་བར་བྱོན་ནས་རབ་བྱུང་ཅུ་བཞི་པ་ཤིང་ལུག་(༡༨༣༥)ལོར་རུ་ལག་གཡུང་དྲུང་གླིང་དགོན་པ་ཕྱག་བཏབ། མཐར་དགུང་གྲངས་རེ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་(༡༨༦༣)ལོར་སྐུ་གཤེགས། །

language:
Tibetan

2. Thupten Phuntsok Dictionary

སྣང་སྟོན་ཟླ་བ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་མེ་འབྲུག (༡༧༩༦) ལོར་རྔ་བ་ཁུལ་དུ་ཡབ་སྣང་ཞིག་གདུང་རིགས་ནོར་བུ་དང་ཡུམ་མཁར་སླེབས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས་དྲུག་ལ་ཕེབས་པ་ནས་ཡི་གེ་འབྲི་ཀློག་འདོན་གསུམ་བསླབ་པར་སྦྱངས་པས་རང་གྲོལ་དུ་མཁྱེན། རབ་བྱུང་བཅུ་བཞི་པ་ཤིང་ལུག (༡༨༣༥) ལོར་རུ་ལག་གཡུང་དྲུང་གླིང་དགོན་ཕྱག་བཏབ། མཐར་དགུང་གྲངས་རེ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་བཞི་པ་ཆུ་ཕག (༡༨༦༣) ལོར་སྐུ་གཤེགས།

language:
Tibetan