- snar thang pa kun dga' rgyal mtshan
- ID:
- T235579
- སྣར་ཐང་པ་ཀུན་དགའ་རྒྱལ་མཚན (Tibetan, Tibetan script, Original)
- > snar thang pa kun dga' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > nar tangpa kün ga gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ས་སྟག་(༡༣༣༨)ལོར་ཆུ་སྒོའི་ཁུངས་བྱ་བར་གྲོའི་རིགས་སུ་སྐུ་བལྟམས། མཆིམས་བློ་བཟང་གྲགས་པ་ལས་བཀའ་གདམས་གྱི་གདམས་པ་རྣམས་རྫོགས་པར་གསན། དཀའ་བཅུ་པ་གཞོན་ནུ་སེང་གེ་ལས་ཀྱང་གདམས་པ་གཞན་མང་དུ་གསན། རབ་བྱུང་དྲུག་པའི་ཤིང་ཡོས་(༡༣༧༥)ལོར་སྣར་ཐང་གི་གདན་སར་ཕེབས། བསླབ་བཏུས་ཀྱི་ཌྰིཀྐ་སོགས་རྩོམ་པ་མང་དུ་མཛད། ཙོང་ཁ་པ་ཆེན་པོས་ཀྱང་རྗེ་འདིའི་ཞབས་ལ་གཏུགས། གདན་ས་ལོ་གཉིས་ཤུ་རྩ་བདུན་བསྐྱངས་ཏེ་དགུང་ལོ་དྲུག་བཅུ་རེ་བཞི་བཞེས་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ་(༡༤༠༡)ལོར་སྐུ་མྱ་ངན་ལས་འདས། །
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་དྲུག་པའི་ས་སྟག (༡༣༣༨) ལོར་ཆུ་སྒོའི་ཁུང་བྱ་བར་གྲོའི་རིགས་སུ་སྐུ་བལྟམས།མཆིམས་བློ་བཟང་གྲགས་པ་ལས་བཀའ་གདམས་ཀྱི་གདམས་པ་རྣམས་རྫོགས་པར་གསན། དཀའ་བཅུ་པ་གཞོན་ནུ་སེང་གེ་ལས་ཀྱང་གདམས་པ་གཞན་མང་དུ་གསན། རབ་བྱུང་དྲུག་པའི་ཤིང་ཡོས (༡༣༧༥) ལོར་སྣང་ཐང་གི་གདན་སར་ཕེབས། བསླབ་བཏུས་ཀྱི་ཊཱིཀྐ་སོགས་རྩོམ་པ་མང་དུ་མཛད། ཙོང་ཁ་པ་ཆེན་པོས་ཀྱང་རྗེ་འདིའི་ཞབས་ལ་གཏུགས། གདན་ས་ལོ་ཉི་ཤུ་རྩ་བདུན་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རེ་བཞི་བཞེས་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ་ (༡༤༠༡) ལོར་སྐུ་མྱ་ངན་ལས་འདས།
- language:
- Tibetan