Skip to main content Skip to search
snar thang pa grags pa don grub
ID:
T235580
  • སྣར་ཐང་པ་གྲགས་པ་དོན་གྲུབ (Tibetan, Tibetan script, Original)
    • > snar thang pa grags pa don grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nar tangpa drakpa döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་དེ་ཉིད་རབ་བྱུང་དྲུག་པའི་ས་རྟ་(༡༣༧༨)ལོར་གན་རྩར་འཁྲུངས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཐུགས་བཙུན་ཤིན་ཏུ་ཆེ་བར་གྱུར། མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་གྱི་ཆོས་རྫོགས་པར་གསན་ཏེ་མཁས་པའི་མངའ་རྙེད། གདན་ས་གོང་མ་ཁྲི་གཞོལ་མཛད་ཀྱང་རྗེ་ཉིད་ཁྲི་ལ་མ་ཕེབས་པས་གདན་ཁྲི་ལོ་བཞི་སྟོང་པར་ལུས། རབ་བྱུང་བདུན་པའི་ས་རྟ་(༡༤༣༨)ལོར་སྣར་ཐང་གདན་སའི་ཁྲིར་ཕེབས་ནས་ལོ་གསུམ་བཅུའི་རིང་གདན་ས་བསྐྱངས་མཐར་དགུང་ལོ་དགུ་བཅུ་གོར་དགུ་བཞེས་པ་རབ་བྱུང་བརྒྱད་པའི་མེ་ཕག་(༡༤༦༧)ལོར་སྐུ་བཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་དྲུག་པའི་ས་རྟ་ (༡༣༧༨) ལོར་གན་རྩར་འཁྲུངས། སྐུ་ན་ཆུང་ངུ་ནས་རབ་ཏུ་བྱུང་སྟེ་ཐུགས་བཙུན་ཤིན་ཏུ་ཆེ་བར་གྱུར། མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་ཀྱི་ཆོས་རྫོགས་པར་གསན་ཏེ་མཁས་པའི་མངའ་རྙེད། གདན་ས་གོང་མ་ཁྲི་གཞོལ་མཛད་ཀྱང་རྗེ་ཉིད་ཁྲི་ལ་མ་ཕེབས་པས་གདན་ཁྲི་ལོ་བཞི་རིང་སྟོང་པར་ལུས། རབ་བྱུང་བདུན་པའི་ས་རྟ་ (༡༤༣༨) ལོར་སྣར་ཐང་གདན་སའི་ཁྲིར་ཕེབས་ནས་ལོ་སུམ་ཅུའི་རིང་གདན་ས་བསྐྱངས་མཐར་དགུང་ལོ་དགུ་བཅུ་བཞེས་པ་རབ་བྱུང་བརྒྱད་པའི་མེ་ཕག (༡༤༦༧) ལོར་སྐུ་གཤེགས།

language:
Tibetan