- snar thang pa grags pa shes rab
- ID:
- T235581
- སྣར་ཐང་པ་གྲགས་པ་ཤེས་རབ (Tibetan, Tibetan script, Original)
- > snar thang pa grags pa shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > nar tangpa drakpa sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ཕྱི་མ) རྗེ་འདི་ཉིད་རབ་བྱུང་བདུན་པའི་ཤིང་འབྲུག (༡༤༢༤) ལོར་སྣར་ཐང་དུ་སྐུ་འཁྲུངས། མཁན་ཆེན་གྲགས་པ་དོན་གྲུབ་ལས་རབ་ཏུ་བྱུང་། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་དང་། རབ་འབྱམས་སྨོན་ལམ་དཔལ་བ། མཁས་པ་དཔལ་ལྡན་ཆོས་སྐྱོང་སོགས་སྤྱི་བོར་བསྟེན་ནས་སྡེ་སྣོད་ཀྱི་ཡོན་ཏན་མཐའ་ཡས་པ་གསན། སྣར་ཐང་ཁྲོན་སྦུག་གྲྭ་ཚང་གི་འཆད་ཉན་ཡང་ཐོགས་ཤིག་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ་རབ་བྱུང་བརྒྱད་པའི་མེ་རྟ (༡༤༨༦) ལོར་སྣར་ཐང་ཆོས་སྡེའི་ཁྲིར་ཕེབས་ཏེ་འཆད་ཉན་འགྲོ་དོན་རྒྱ་ཆེར་སྤེལ། སྐུ་ཚེ་སྨད་ཀྱི་མཛད་པ་མི་གསལ།
- language:
- Tibetan