- snar thang pa grub pa shes rab
- ID:
- T235582
- སྣར་ཐང་པ་གྲུབ་པ་ཤེས་རབ (Tibetan, Tibetan script, Original)
- > snar thang pa grub pa shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > nar tangpa drubpa sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་བྱ་བར་དབང་གི་རིགས་སུ་རབ་བྱུང་དྲུག་པའི་མེ་བྱ་(༡༣༥༧)ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་ཀློག་ཡིག་མཁས་པར་མཁྱེན། དགུང་ལོ་བཅུ་པར་མཁན་ཆེན་ཀུན་དགའ་རྒྱལ་མཚན་ནས་རབ་ཏུ་བྱུང་། མཚན་གྲུབ་པ་ཤེས་རབ་ཏུ་གསོལ། དགུང་ལོ་གཉིས་ཤུ་པར་བསྙེན་པར་རྫོགས་པར་མཛད། མཁན་པོ་ཀུན་དགའ་རྒྱལ་མཚན་དང་། སློབ་དཔོན་གྲགས་པ་རྒྱལ་མཚན། ཆོས་རྗེ་ཡོན་ཏན་འོད་སོགས་ཡོངས་འཛིན་སུ་བསྟན་ནས་མདོ་རྒྱུད་མན་ངག་གི་སྐོར་སོགས་ལེགས་པར་གསན། ཁྱད་པར་མཁན་ཆེན་ཀུན་དགའ་རྒྱལ་མཚན་ལས་བཀའ་གདམས་ཀྱི་སྐོར་རྣམས་རྫོགས་པར་མནོས། དགུང་ལོ་གསུམ་བཅུ་སོ་གཉིས་བཞེས་པ་ས་འབྲུག་(༡༣༨༨)ལོར་སྣར་ཐང་གི་གདན་ཁྲིར་ཕེབས། གཞུང་དང་གདམས་ངག་གི་སྒོ་ནས་མཁས་པ་རྣམས་ཀྱི་ཐུགས་ཡིད་ཚིམ་པར་མཛད་ཅིང་། སྐྱེ་བོ་རྣམས་ལ་ཐར་པའི་ས་བོན་ལེགས་པར་བཏབ། དཔལ་ཡིད་བཟང་བརྩེ་བ་དང་རྗེ་ཤེས་རབ་སེང་གེས་ཀྱང་ཞབས་ལ་གཏུགས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་རྗེ་འདི་ལ་དགེ་བརྙེན་དང་། དགེ་ཚུལ། དགེ་སློང་། གསང་སྔགས་ཀྱི་བསྡོམས་པ་བཅས་མནོས་ཤིང་། ཟབ་ཆོས་ཀྱང་མང་དུ་གསན། མིང་རྒྱལ་རབས་ཀྱི་གོང་མས་མཁན་ཆེན་ལ་སྤུ་མ་དམར་པོའི་ཀ་འཕན་དང་སྒོ་འཕན་ལོག་ཀྱང་ཕུལ། སྤྱོད་འཇུག་གི་ཊྰིཀྐ་སོགས་ལྗགས་རྩོམ་མཛད། གདན་ས་ལོ་བཅུ་བསྐྱངས་ཏེ་མཁན་ཟུར་དུ་ཕེབས། དགུང་ལོ་དྲུག་བཅུ་རེ་བདུན་བཞེས་པ་རབ་བྱུང་བདུན་པའི་ཆུ་ཡོས་(༡༤༢༣)ལོར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས། །
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་བྱ་བར་དབང་གི་རིགས་སུ་རབ་བྱུང་དྲུག་པའི་མེ་བྱ (༡༣༥༧) ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་ཀློག་ཡིག་མཁས་པར་མཁྱེན། དགུང་ལོ་བཅུ་པར་མཁན་ཆེན་ཀུན་དགའ་རྒྱལ་མཚན་ནས་རབ་ཏུ་བྱུང་། མཚན་གྲུབ་པ་ཤེས་རབ་ཏུ་གསོལ། དགུང་ལོ་སུམ་ཅུ་སོ་གཉིས་བཞེས་པ་ས་འབྲུག (༡༣༨༨) ལོར་སྣར་ཐང་གི་གདན་ཁྲིར་ཕེབས། དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པ་རབ་བྱུང་བདུན་པའི་ཆུ་ཡོས (༡༤༢༣) ལོར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan