- snar thang pa shes rab rgyal mtshan
- ID:
- T235585
- སྣར་ཐང་པ་ཤེས་རབ་རྒྱལ་མཚན (Tibetan, Tibetan script, Original)
- > snar thang pa shes rab rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > nar tangpa sherab gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་ཤབ་སྟག་ལ་དང་ཉེ་བའི་གྲོང་སྤོ་ཁར་ཞེས་པར་རབ་བྱུང་བདུན་པའི་ལྕགས་གླང་(༡༤༢༢)ལོར་འཁྲུངས། སྐུ་ཆུང་ངུ་ནས་རབ་དུ་བྱུང་ཞིང་ཐུགས་རབ་ཆེ་ལ་སྒོ་གསུམ་བག་དང་ལྡན་པ་ཞིག་ཡོད། དེ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཇི་སྙེད་གསན་པས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ་རྩེད་ཐང་དུ་པོ་ཏི་བཅི་བརྒྱད་ཀྱི་གྲྭ་སྐོར་མཛད། མཐིལ་དུ་བྱོན་ཏེ་ཆོས་རྗེ་མཆོག་གྲུབ་པ་དང་མཇལ། ཆོས་རྗེ་བྱམས་པ་གླིང་པ་ལས་སྒྲ་བསླབས། ལོ་དེར་དགའ་ལྡན་དུ་བྱོན་ཏེ་རྒྱུད་ཆེན་སྦྱིན་པ་དཔལ་ལས་གསང་བདུས་ཀྱི་རྒྱུད་འབྲེལ་རྫོགས་པར་གསན། སླར་ཡང་གཙང་དུ་ཕེབས་ནས་སྣར་ཐང་དུ་མཚན་ཉིད་ཀྱི་འཆད་ཉན་མཛད། དེ་ནས་རྗེ་འདི་ཉིད་ཀྱིས་ཚེ་འདིར་མཐོང་ལམ་ཐོབ་པ་ཞིག་བྱེད་གསུངས་ཏེ་བྱང་ཆུབ་ཆེན་པོའི་དབེན་གནས་དང་རྐང་བཞི་ཕུའི་དབེན་གནས་སོགས་སུ་ཐུགས་དམ་གཙོ་བོར་མཛད། སྐབས་དེ་ཤེས་སུ་ཉེ་གནས་ཆེན་པོས་སྣར་ཐང་གི་མཁན་པོར་གདན་དྲངས་ཀྱང་ཕེབས་དཀའ་བར་བྱུང་བ་ལ། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་ཀྱི་བཀའ་ལུངས་ཕེབས་པ་ཟློག་མི་ནུས་པར་དགུང་ལོ་ལྔ་བཅུ་ང་གསུམ་བཞེསཔ་ཆུ་སྦྲུལ་(༡༤༧༣)ལོར་སྣར་ཐང་ཆོས་སྡེའི་ཁྲི་ལ་ཕེབས། ལོ་བཅུ་བཞིའི་རིང་གདན་ས་བསྐྱངས་ཏེ་ཁྲི་ཟུར་དུ་ཕེབས་ནས་དབེན་གནས་ཁོ་ནར་ཐུགས་དམ་དུ་བཞུགས། འདས་ལོ་མི་གསལ། །
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་ཤབ་སྟག་ལ་དང་ཉེ་བའི་གྲོང་སྤོ་ཁར་ཞེས་པར་རབ་བྱུང་བདུན་པའི་ལྕགས་གླང (༡༤༢༡) ལོར་འཁྲུངས། སྐུ་ཆུང་ངུ་ནས་རབ་ཏུ་བྱུང་ཞིང་ཐུགས་རབ་ཆེ་ལ་སྒོ་གསུམ་བག་དང་ལྡན་པ་ཞིག་ཡོད། དགུང་གྲངས་ལྔ་བཅུ་ང་གསུམ་བཞེས་པ་ཆུ་སྦྲུལ (༡༤༧༣) ལོར་སྣར་ཐང་ཆོས་སྡེའི་ཁྲི་ལ་ཕེབས། ལོ་བཅུ་བཞིའི་རིང་གདན་ས་བསྐྱངས་ཏེ་ཁྲི་ཟུར་དུ་ཕེབས་ནས་དབེན་གནས་ཁོ་ནར་ཐུགས་དམ་དུ་བཞུགས། འདས་ལོ་མི་གསལ།
- language:
- Tibetan