Skip to main content Skip to search
snubs mtsho
ID:
T235591
  • སྣུབས་མཚོ (Tibetan, Tibetan script, Original)
    • > snubs mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nub tso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཡར་འབྲོག་གཡུ་མཚོ་)བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་དཔལ་དི་ཆུས་ཡར་འབྲོག་གྲོང་ཚོའི་ཉེ་འདབས་སུ་ཡོད། སྔར་བོད་ཀྱི་རུས་རྒྱུད་ཁོངས་སྣུབས་ཀྱི་རུས་རྒྱུད་ཚོ་པ་རྣམས་ས་གནས་འདིར་བསྡོད་ཀྱི་ཡོད་སྟབས་རུས་ཀྱི་མིང་ཡུལ་བཏགས་ཏེ་སྣུབས་ཡུལ་གླིང་དགུ་ཞེས་ཆགས་པ་དང་། སྣུབས་ཀྱི་རིགས་ལས་བྱུང་བའི་སྔགས་པ་དང་མཁས་པ་མང་པོ་ཞིག་རོང་གི་སྣུབས་སུ་འཁྲུངས་པའི་ལོ་རྒྱུས་ཡོད། བོད་ཀྱི་དམངས་ཁྲོད་ངག་རྒྱུན་དུ་སྲོལ་ལ། ཡར་འབྲོག་གི་མཚོའི་ཁོར་ཡུག་གི་རྒྱ་ཁྱོན་ལ་རྟ་པའི་ཉིན་ལམ་གཉིས་ཀྱིས་འཁོར་བའི་རྒྱ་ཁྱོན་ཡོད་པ་དང་ཆུའི་འབྱུང་ཁུངས་ཚད་མཐོ་ཞིང་། ཉ་རིགས་མི་འདྲ་བ་མང་པོ་ཡོད་པའི་མཚོ་ཞིག་ཡིན། །

language:
Tibetan

2. Thupten Phuntsok Dictionary

(ཡར་འབྲོག་གཡུ་མཚོ) བོད་ཀྱི་མཚོ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་དཔལ་དི་ཆུས་ཡར་འབྲོག་གྲོང་ཚོའི་ཉེ་འདབས་སུ་ཡོད། སྔར་བོད་ཀྱི་རུས་རྒྱུད་ཁོངས་སྣུབས་ཀྱི་རུས་རྒྱུད་ཚོ་པ་རྣམས་ས་གནས་དེར་སྡོད་ཀྱི་ཡོད་སྟབས་རུས་ཀྱི་མིང་ཡུལ་ལ་བཏགས་ཏེ་སྣུབས་ཡུལ་གླིང་དགུ་ཞེས་ཆགས་པ་དང་། སྣུབས་ཀྱི་རིགས་ལས་བྱུང་བའི་སྔགས་པ་དང་མཁས་པ་མང་པོ་ཞིག་རོང་གི་སྣུབས་སུ་འཁྲུངས་པའི་ལོ་རྒྱུས་ཡོད། བོད་ཀྱི་དམངས་ཁྲོད་ངག་རྒྱུན་དུ་བཤད་སྲོལ་ལ། ཡར་འབྲོག་གཡུ་མཚོའི་ཁོར་ཡུག་གི་རྒྱ་ཁྱོན་ལ་རྟ་པའི་ཉིན་ལམ་གཉིས་ཀྱིས་འཁོར་བའི་རྒྱ་ཁྱོན་ཡོད་པ་དང་ཆུའི་འབྱུང་ཁུངས་ཚད་མཐོ་ཞིང་། ཉ་རིགས་མི་འདྲ་བ་མང་པོ་ཡོད་པའི་མཚོ་ཞིག་ཡིན།

language:
Tibetan