- snum tel
- ID:
- T235593
- སྣུམ་ཏེལ (Tibetan, Tibetan script, Original)
- > snum tel (Tibetan, Latin script, Transliteration-THL Extended Wylie Transliteration)
- > num tel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྣུམ་དང་སྤྲ་ཚིལ་མེར་བཞུས་པ་ལྕགས་སོགས་སྦུབས་ཅན་གྱི་ནང་ནས་ནད་དམིགས་སྟེང་དུ་བླུག་དགོས་པའི་ཏེལ་པའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། སྣུམ་ཏེལ་མེ་ནི་བརྒྱད་པར་སྤྲ་ཚིལ་དང་། མར་དང་བུ་རམ་འཛམ་བུ་ཆུས་བསྲེག་ཅེས། དེ་ནི་ལྕགས་སམ་ཟངས་སྦུབས་སོར་ལྔ་པ། ཁ་ཡོད་ཡོ་ཅན་ཁ་སོར་དོ་པ་ལ། རྟིང་པ་མདའ་རྨྱུག་འབྲིང་པོ་འགྲོ་ཙམ་གྱི། ཆ་དཔྱད་དམིགས་སུ་སྦྱར་ལ་སྤྲ་ཚིལ་སོགས། བཞུས་ལ་འཚིག་དུས་བླུགས་ནས་ཤ་བསྲེགས་པས། གཞང་འབྲུམ་རྨེན་བུ་མཚན་བར་རྡོལ་བ་དང་། བུ་ག་རྨ་ཡོད་སོགས་ལ་ཕན་པར་གསུངས། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan