Skip to main content Skip to search
sne bzhi
ID:
T235609
  • སྣེ་བཞི (Tibetan, Tibetan script, Original)
    • > sne bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྐྱེས་པའི་གསང་སྒྲོའི་འབྲས་བུ་གཉིས་དང་། བུད་མེད་ཀྱི་ནུ་མ་གཉིས་བཅས་བཞིའི་བསྡུས་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སྣེ་བཞི་ནི། སྐྱེས་པའི་བསམ་སེའུ་དང་འབྲེལ་བའི་སྣེ་གཉིས་ཏེ་གསང་གནས་ཀྱི་སྒྲོ་བའི་ནང་འབྲས་གཉིས་དང་། བུད་མེད་ཀྱི་བསམ་སེའུ་དང་འབྲེལ་བའི་སྣེ་གཉིས་ཏེ་བྲང་སྐྱེས་ཀྱི་ནུ་མ་གཉིས་བཅས་བཞི་ལ་ཟེར་ཞིང་ཁམས་འཕེལ་བའི་རྐྱེན་ལས་སྣ་ཁྲག་སྨུག་ནག་བྱུང་བའི་སྐབས་སྣ་ཁྲག་གང་འབབ་ངོས་ཀྱི་སྐྱེས་པའི་འབྲས་བུ་དང་། བུད་མེད་ཀྱི་ནུ་རྡོག་བཅིངས་ན་ཁྲག་ཆད་པར་འགྱུར་བའི་རྒྱུ་མཚན་ཡང་འདི་ཡིན་ཏེ། རྒྱུད་ལས། སྨུག་ནག་སྣེ་བཞི་ལས་བབས་སྣེ་ས་བཅིངས། ནུ་མ་རླིག་པ་ཟ་འོག་སྐུད་པས་བཅིངས། ཞེས་གསུངས་པ་ཡང་འདིའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan