Skip to main content Skip to search
sne'u rdzong shul
ID:
T235612
  • སྣེའུ་རྫོང་ཤུལ (Tibetan, Tibetan script, Original)
    • > sne'u rdzong shul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > né'u dzong shul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྟོད་ལུང་བདེ་ཆན་རྫོང་ཁོངས་)ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང་(༡༣༤༩)ལོ་ནས་ལོ་བཅུ་དྲུག་རིང་སྲིད་དབང་བཟུང་སྐབས་བཙུགས་པའི་རྫོང་ཆེན་བཅུ་གསུམ་གྲས་ཀྱི་མཁར་ཤུལ་ཡིན་པ་དང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་(༡༦༤༢)གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ཕམ་པར་བྱས་ནས་གཙང་པ་སྡེ་སྲིད་གསོན་བཟུང་གིས་སྣེའུར་བཙོན་འཇུག་བྱས་རྗེས་བསྐྱར་ལོག་བྱ་རྩིས་ཀྱི་གནས་ཚུལ་ཡིག་འགྲུལ་ཐོན་སྟབས་ས་གནས་དེ་ནས་དེ་ག་ནས་སྐྱིད་ཆུར་གཡུགས་ཏེ་བཀུམ་པ་སོགས་ཀྱི་ལོ་རྒྱུས་ཡོད། །

language:
Tibetan

2. Thupten Phuntsok Dictionary

(སྟོད་ལུང་བདེ་ཆེན་རྫོང་ཁོངས་) ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང་ (༡༣༤༩) ལོ་ནས་ལོ་བཅུ་དྲུག་རིང་སྲིད་དབང་བཟུང་སྐབས་བཙུགས་པའི་རྫོང་ཆེན་བཅུ་གསུམ་གྲས་ཀྱི་མཁར་ཤུལ་ཡིན་པ་དང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ (༡༦༤༢) ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ཕམ་པར་བྱས་ནས་གཙང་པ་སྡེ་སྲིད་གསོན་བཟུང་གིས་སྣེའུར་བཙོན་འཇུག་བྱས་རྗེས་སོག་དམག་བོད་ནས་ཕྱིར་སྤྲོད་བྱ་རྩིས་ཀྱི་གནས་ཚུལ་ཡིག་འགྲུལ་ཐོན་སྟབས་ས་གནས་དེ་ག་ནས་སྐྱིད་ཆུར་གཡུགས་ཏེ་བཀུམ་པ་སོགས་ཀྱི་ལོ་རྒྱུས་ཡོད།

language:
Tibetan