- bsnol chings rdo rje brtsegs chings
- ID:
- T235656
- བསྣོལ་ཆིངས་རྡོ་རྗེ་བརྩེགས་ཆིངས (Tibetan, Tibetan script, Original)
- > bsnol chings rdo rje brtsegs chings (Tibetan, Latin script, Transliteration-THL Extended Wylie Transliteration)
- > nol ching dorjé tsek ching (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
པུས་པོའི་ཚིགས་ལ་ཆིངས་བྱ་ཚུལ་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། རྡོ་རྗེ་བརྩེགས་ཆིངས་ནི། མཛོད་མིག ལྷ་ང་། གཉན་གོང་གསུམ་དུ་ལྷས་མ་འོང་པའི་གསོན་ཆིངས་སུ་བཅིངས། ཞེས་གསུངས་པ་ལྟར་དང་། བཀྲ་འབུམ་པས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལས། བསྣོལ་ཆིངས་ཞེས་སྣལ་མ་གཡས་གཡོན་བསྣོལ་ནས་བཅིངས་པ་ལ་ཟེར་ཞིང་དམར་ཁྲིད་དུ་རྡོ་རྗེ་བརྩེགས་ཆིངས་གསུངས་པའང་འདི་ལ་ཟེར་བ་ཡིན། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan